ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་གིས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ལྷོ་བྱང་གིས་ཕན་ཚུན་ཡིད་ཆེས་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་དབྱིན་ཞེ་ཡོའེ་ཡིས་ཚེས་བཅུ་དྲུག་ཉིན་རྒྱལ་ཚོགས་ནས་ཙུང་ཐུང་གི་འགན་ཁུར་བའི་ཚུན་གྱི་སྲིད་སྐྱོང་གཏམ་བཤད་ཐོག་མ་སྤེལ་སྐབས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ལྷོ་བྱང་གིས་ཕན་ཚུན་ཡིད་ཆེས་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་སྐུལ་འདེད་བཏང་སྟེ། ཕྱེད་གླིང་གི་རྒྱུན་མཐུད་རུང་བའི་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱིན་ཞེ་ཡོའེ་ཡིས་ད་རུང་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་ཁྲའོ་ཞན་བར་གྱི་ཆབ་སྲིད་དམག་དོན་གྱི་ཤུགས་རྐྱེན་ལ་སྣང་དོགས་མི་བྱེད་པར་དུས་ངེས་མེད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྒོ་གླེགས་ཡངས་པོར་ཕྱེས་ཡོད། གལ་ཏེ་ཁྲའོ་ཞན་ཕྱོགས་ཀྱིས་རེ་བ་བཏོན་ན། ཧན་གོའི་ཕྱོགས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་འགོག་སྨན་དང་སྨན་རྫས། སྨན་བཅོས་དཔྱད་ཆས། འཕྲོད་བསྟེན་མི་ཤུགས་ཐོན་ཁུངས་སོགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

དབྱིན་ཞེ་ཡོའེ་ལ་ཟླ་གསུམ་པའི་ཚེས་དགུ་ཉིན་སྤེལ་བའི་ཧན་གོའི་ཙུང་ཐུང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཟླ་ལྔ་བའི་ཚེས་བཅུ་ཉིན་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།