ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་དྲུག་གི་རྗེས་སུ་ཡེ་མེན་རྒྱལ་ས་རུ་ཚོང་ལས་གནམ་གྲུ་འཕུར་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ5པའི་ཚེས16ཉིན་འགྲུལ་བ་རྣམས་ཡེ་མེན་རྒྱལ་ཁབ་ཀྱི་ས་ན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གནམ་གྲུར་འདུག་པར་ཐོ་འགོད་བྱེད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མེན་འགལ་འདུ་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་དགོས་པའི་སྐོར་གྱི་གྲོས་མཐུན་གསར་ཤོས་ལྟར་ན།  དམག་འཁྲུག་མཚམས་བཞག་པའི་རིང་ཚོང་ལས་གནམ་གྲུ་རྣམས་ཡང་བསྐྱར་ས་ན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཕུར་སྐྱོད་བྱ་ཆོག་པ་རེད། ཐེངས་འདིའི་གྲོས་མཐུན་ལག་བསྟར་བྱས་རྗེས་ཀྱི་ཚོང་ལས་གནམ་གྲུ་ཐོག་མ་ཚེས16ཉིན་ཡེ་མེན་རྒྱལ་ཁབ་ཀྱི་རྒྱལ་ས་ས་ན་ནས་ཅོར་ཏན་དུ་འཕུར་བ་རེད། དམག་འཁྲུག་གི་དབང་གིས2016ལོའི་ཟླ8པ་ནས་ད་རག་བར་ས་ན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཚོང་ལས་གནམ་གྲུ་འཕུར་མཚམས་བཞག་པ་རེད། །

པར་འདི་ནི་ཟླ5པའི་ཚེས16ཉིན་འགྲུལ་བ་རྣམས་ཡེ་མེན་རྒྱལ་ཁབ་ཀྱི་ས་ན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གནམ་གྲུར་འདུག་པར་ཐོ་འགོད་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ5པའི་ཚེས16ཉིན་འགྲུལ་བ་རྣམས་ཡེ་མེན་རྒྱལ་ཁབ་ཀྱི་ས་ན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གནམ་གྲུར་འདུག་པར་ཐོ་འགོད་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ5པའི་ཚེས16ཉིན་ཡེ་མེན་རྒྱལ་ཁབ་ཀྱི་ས་ན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བའི་གནམ་གྲུར་ཆུ་གཏོར་ནས་བསུ་མ་བྱེད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།