ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་ཁ་པར་བཏང་སྟེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་དུས་བཅད་ལྟར་ཧྲའོ་ཨར་ཚི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ལས་འགན་གཙོ་བོ་དང་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱེད་པར་སྤྱད་པའི་བྱེད་ཐབས་རྒྱས་བཤད་བྱས། འཇར་མན་སྲིད་གཞུང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཁ་པར་གྲོས་མོལ་དེ་ཧ་ལམ་དུས་ཚོད་གཅིག་དང་སྐར་མ་བཅོ་ལྔ་ཙམ་འགོར་བ་དང་། ཧྲའོ་ཨར་ཚི་ཡིས་ཕུའུ་ཅིན་གྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་། མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལེགས་བཅོས་བྱེད་པ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། 

གཞན་ཡང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་གསུམ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོས་བར་འདུམ་པ་གང་ཡང་མེད་པའི་གནས་ཚུལ་འོག་ཕུའུ་ཅིན་དང་ཐད་ཀར་གྲོས་མོལ་བྱེད་རྩིས་ཡོད་ཀྱང་། ཝུའུ་ཁི་ལན་གྱིས་འཐབ་འཁྲུག་མཇུག་སྒྲིལ་ཆེད་བདག་དབང་གནད་དོན་ཐད་ནས་ཀུ་ཡངས་གཏོང་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།