ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲོ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུ་ནས་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་བརྗེ་རེས་དང་རྒྱུས་ལོན་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲོ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུ་ཚེས་བཅུ་ཉིན་སྤེལ། གྲོས་ཚོགས་ལ་ཞུགས་པའི་ཡོ་རོབ་གླིང་ཕྱོགས་ཀྱི་མི་སྣས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོས་འགྲོ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་ལ་གོང་འཕེལ་ཆེན་པོ་བྱུང་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲོ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུ་སོགས་ཀྱི་སྟེགས་བུ་བརྒྱུད་དེ་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས་པའི་ཚུལ་བསྟན། 

ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ཞིབ་འཇུག་ཁང་དང་ཨོ་སི་ཁྲུ་རི་ཡཱའི་ཨོ་ཀྲུང་མཛའ་མཐུན་ཚོགས་པས་མཉམ་དུ་སྤེལ་བ་ཡིན་ཞིང་། ཀྲུང་གོའི་ཝུའུ་ཧན་དང་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་རུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་ལ། ཚོགས་ཞུགས་འཐུས་མི་ཚོས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་དཔྱད་གླེང་དང་བརྗེ་རེས་བྱས། 

ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲོ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུ་ནི་ཉིས་སྟོང་བཅོ་ལྔ་ལོར་བཙུགས་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཀྱི་རྐྱེན་སྲོལ་ཅན་གྱི་རིག་གཞུང་སྟེགས་བུ་ཞིག་རེད། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནས་གཙོ་བོ་ཚན་རྩལ་དང་འགྲོ་མིའི་ཐོབ་ཐང་གནད་སར་བཟུང་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གི་འཐུས་མི་དང་། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡཱ། དབྱིན་ཇི། འཇར་མན། ཧང་ག་རི། དབྱི་ཐཱ་ལེ། ཞི་ལཱ། སི་ཕན་སོགས་རྒྱལ་ཁབ་ནས་ཡོང་བའི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཐོ་རིམ་དཔོན་རིགས་བརྒྱ་ལྷག་ཞུགས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།