ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཙུང་ཐུང་གིས་དབྱི་ལིང་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བརྒྱད་ཉིན་དབྱི་ལིང་དུ་འཚམས་འདྲི་བྱས་པ་དང་། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་དང་ཙུང་ཐུང་ལའེ་ཞི་གཉིས་དང་གྲོས་མོལ་བྱས། 

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱེ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། སི་རི་ཡཱ་ཡི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་བརྒྱུད་ཁྲོད་རྒྱལ་ཁ་སྔར་ལས་ཆེན་པོ་ལོན་པར་རེ་བཞིན་ཡོད་པ་དང་། སི་རི་ཡཱའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལའེ་ཞེ་ཡིས་ཉིན་དེར་པཱ་ཧྲ་ཨར་དང་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱལ་ཁབ་ཚང་མས་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་ལ་བརྩི་འཇོག་བྱེད་དགོས། དགོས་མཁོ་ཡོད་ན་སི་རི་ཡཱའི་ས་ཞིང་ཚང་མ་ཕྱི་རྒྱལ་སྟོབས་ཤུགས་ཀྱི་བཙན་བཟུང་འོག་ནས་བཅིངས་འགྲོལ་བྱེད་དགོས་ཟེར། 

པཱ་ཧྲ་ཨར་གྱིས་དབྱི་ལིང་མི་དམངས་དང་སྲིད་གཞུང་གིས་སི་རི་ཡཱ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སི་རི་ཡཱ་ཡིས་དབྱི་ལིང་བར་བདེ་འཇགས་དང་ཆབ་སྲིད། དཔལ་འབྱོར་བཅས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་འདོད་ཡོད་ཟེར། 

དེ་ནི་ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་ཚུན་ལ་པཱ་ཧྲ་ཨར་གྱིས་ཐེངས་གཉིས་པར་དབྱི་ལིང་དུ་འཚམས་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།