ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་སྐྱེད་དེ་ཡང་བསྐྱར་འཛམ་གླིང་ཚོང་རའི་ནང་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་ཆེད། ངེས་པར་དུ་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་སྐྱེད་དང་། དེ་མིན་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་འབྲུ་རིགས་དང་ལུད་རྫས་ཐོན་སྐྱེད་དེ་ཡང་བསྐྱར་འཛམ་གླིང་ཚོང་རའི་ནང་འཇོག་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སྤེལ་བའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཝུའུ་ཁི་ལན་གནས་བབ་ཀྱི་སྙན་ཞུའི་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་གཟའ་འཁོར་སྔོན་མར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་གཉིས་དང་གྲོས་མོལ་བྱེད་སྐབས། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་གླེང་མྱོང་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་སྔར་བཞིན་མཇུག་སྒྲིལ་མེད་ཀྱང་ངེས་པར་དུ་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་སྐྱེད་དང་། དེ་མིན་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་འབྲུ་རིགས་དང་ལུད་རྫས་ཐོན་སྐྱེད་དེ་ཡང་བསྐྱར་འཛམ་གླིང་ཚོང་རའི་ནང་འཇོག་དགོས་ལ། དེ་ནི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པའི་དོན་སྙིང་ལྡན་པའི་བྱེད་ཐབས་ཤིག་རེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་བཤད་རྒྱུར། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཁི་ལན་ནས་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། འབྲེལ་ཡོད་བྱ་བར་རྒྱལ་ཁ་ངེས་ཅན་ཐོབ་ཡོད། འགུལ་སྐྱོད་ཐེངས་དང་པོའི་ནང་མི་སེར་དཀྱུས་མ་བརྒྱ་དང་གཅིག་བདེ་བླག་ངང་མཱ་ལི་ཝུ་པའོ་ཨར་བྱང་ངོས་ཀྱི་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད། འགུལ་སྐྱོད་ཐེངས་གཉིས་པའི་ཁྲོད་མི་སུམ་བརྒྱ་དང་ཉི་ཤུ་ལྷག་བདེ་འཇགས་ཉེན་ཡོལ་གནས་སུ་འབྱོར་ཡོད། འགུལ་སྐྱོད་ཐེངས་གསུམ་པ་ད་ལྟ་སྤེལ་བཞིན་པའི་སྒང་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་མི་ཆོས་རིང་ལུགས་འགུལ་སྐྱོད་རྒྱ་བསྐྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།