ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཕུའུ་ཅིན་གྱིས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱི་གཏམ་བཤད་ཐད་ནས་དགོངས་དག་ཞུས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་ཡིས་ཚེས་ལྔ་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱས། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། པེ་ནེ་ཐི་ཡིས་ཕུའུ་ཅིན་གྱིས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡི་ཡ་ཧུ་ད་པ་དང་འབྲེལ་བའི་གཏམ་བཤད་ཐད་ནས་དགོངས་དག་ཞུས་པ་དང་ལེན་བྱས་པར་མ་ཟད། ཕུའུ་ཅིན་གྱིས་ཡ་ཧུ་ད་པ་དང་དམར་གསོད་ཆེན་མོའི་ཐད་ཀྱི་རྣམ་འགྱུར་དག་འབུད་བྱས་པར་བཀའ་དྲིན་ཞུས། 

ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། དབྱི་སི་རལ་གྱིས་ཡ་ཧུ་ད་པའི་དམར་གསོད་ཆེན་མོའི་རྗེས་དྲན་བྱ་འགུལ་རབས་དང་རིམ་པ་སྤེལ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ་ལྔ་བའི་ཚེས་གཅིག་ཉིན་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཞི་ཐི་ལི་ལའང་ཡ་ཧུ་ད་པའི་ཁྲག་རྒྱུན་ལྡན་པ་དང་། ཡ་ཧུ་ད་པར་རྒོལ་བའི་ཉེས་ཅན་གཙོ་བོ་ནི་ཡ་ཧུ་ད་པ་རང་ཉིད་རེད་ཟེར། གཏམ་བཤད་དེ་ལ་དབྱི་སི་རལ་གྱིས་ངོ་རྒོལ་དྲག་པོ་བྱས། ས་དེའི་སྨྱན་བྱད་ཀྱིས་དབྱི་སི་རལ་གྱི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་ཐད་ཀྱི་ལངས་ཕྱོགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཚུལ་བསྟན། 

ཟླ་ལྔ་པའི་ཚེས་གཉིས་ཉིན། དབྱི་སི་རལ་ཕྱོགས་ཀྱིས་དབྱི་སི་རལ་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་དང་། དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ལཱ་ཕིས་ཏི་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་ཡི་གཏམ་བཤད་དེར་བཟོད་སྒོམ་བྱེད་ཐབས་མེད་ལ། འཇིགས་སུ་རུང་བའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཅིག་རེད་ཟེར། ཡེ་ལུའུ་སཱ་ལེམ་གྱི་ཡཱ་ཏི་ཝ་ཞེ་མུའུ་དམར་གསོད་ཆེན་མོའི་རྗེས་དྲན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་ཡི་གཏམ་བཤད་དེ་ལུགས་མེད་དང་སྟོང་བསམ། ཉེན་ཁ་ཆེ་བ་ཞིག་ཡིན་པས་རྒོལ་གཏམ་གཏོང་དགོས་ཟེར། 

གཞན་ཡང་ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་པེ་ནེ་ཐི་དང་ཁ་པར་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་དང་དེ་མིན་གནད་དོན་གཞན་པར་གྲོས་བསྡུར་བྱས། ཕྱོགས་གིས་ཀྱིས་གཙོ་བོ་ཝུའུ་ཁི་ལན་གྱི་་མི་ཆོས་རིང་ལུགས་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ཟླ་ལྔ་པའི་ཚེས་དགུ་ཉིན་ཏེ་ཨུ་རུ་སིའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོ་དེ་ཨུ་རུ་སི་དང་དབྱི་སི་རལ་མི་དམངས་ལ་མཚོན་ན་དམིགས་བསལ་དོན་སྙིང་ལྡན་ཟེར། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་སྔར་བཞིན་དུ་མི་སེར་དཀྱུས་མ་བདེ་འཇགས་ངང་ཕྱིར་འཐེན་བྱེད་པར་འགན་སྲུང་བྱེད་རྩིས་ཡོད་པ་དང་། ཝུའུ་ཁི་ལན་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་དྲག་ཆས་མི་སྣ་ལྷག་འཕྲོས་མཚོན་ཆ་བསྐྱུར་དུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།