ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱོགས་ཀྱིས་ཧྥུན་ལན་དང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་ལས་རྒྱལ་ཁབ་དེ་གཉིས་ཀྱི་བདེ་འཇགས་ལ་ཤུགས་སྣོན་པར་ཕན་ཐོགས་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཧྥུན་ལན་དང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་ལས་རྒྱལ་ཁབ་དེ་གཉིས་ཀྱི་བདེ་འཇགས་ལ་ཤུགས་སྣོན་པར་ཕན་ཐོགས་མེད་པ་དང་། རྒྱལ་ཁབ་དེ་གཉིས་རང་འགུལ་ངང་བྱང་ཆིངས་རྩ་འཛུགས་ཀྱི་གཡུལ་སའི་མདུན་གྲལ་དུ་གནས་སྲིད་ཟེར། བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་ལས་ཧྥུན་ལན་དང་སུའེ་ཏེན་རྒྱལ་ཁབ་གཉིས་ཀྱིས་འགོག་སྲུང་དང་ཕྱི་འབྲེལ་སོགས་ཁྱབ་ཁོངས་ཀྱི་བདག་དབང་སྐོར་ཞིག་བསྐྱུར་བའི་རྟགས་ཡིན་ལ། དེའི་ཞོར་དུ་ཡོ་རོབ་གླིང་བྱང་མའི་ཞི་བདེ་དང་གཏན་འཇགས་ཐད་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།