ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་དང་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་དང་ཨུ་རུ་སིར་བཀག་སྡོམ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཚེས་བཅུ་བཞི་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་ཁ་པར་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པ་དང་ཨུ་རུ་སིར་བཀག་སྡོམ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། 

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཚེས་བཅུ་བཞི་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཉིན་དེར་ཁོ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཁ་པར་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཐེངས་རྗེས་མར་དམག་དོན་རོགས་སྐྱོར་བྱེད་པར་གྲོས་བསྡུར་བྱས་པར་མ་ཟད། ཨུ་རུ་སིར་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་སྤྱོད་པའི་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས་ཡོད་ཟེར། 

ཝུའུ་ཁི་ལན་གྱི་རྒྱལ་ཁབ་ཉེན་རྟོག་ཅུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱེད་པའི་ལུའུ་ཀན་སི་ཁི་ས་ཁུལ་དུ། ཨུ་རུ་སིའི་དམག་དཔུང་གིས་མེ་སྒྱོགས་སོགས་བཀོལ་ནས་དམིགས་འབེན་མང་བོར་འགས་གཏོར་བཏང་སྟེ། རྨང་གཞིའི་སྒྲིག་ཆས་དང་འཚོ་བའི་སྒྲིག་ཆས་ལ་གཏོར་བརླག་བཟོས་པར་མ་ཟད་སྡོད་དམངས་ལ་ཤི་རྨས་བཟོས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།