ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་དང་ཐུར་ཁེའི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུའི་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་རྒྱལ་ས་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་དེའི་རྗེས་སུ་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུར་ཡིད་འཐད་བྱུང་། 

མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་གྲོས་མོལ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་བ་མགོ་བརྩམས་ཡོད། རྒྱལ་ཁབ་གཉིས་ཀྱི་མིག་སྔའི་ཆུ་ཚད་མཐོ་བའི་མཉམ་ལས་འབྲེལ་བར་དམིགས་ཏེ། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་ཡོད་ཟེར། ཁོས་ད་རུང་ཁྱབ་སྒྲོག་བྱས་དོན། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ད་ལོར་ཐཱ་ཧྲི་ཀན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་གྲོང་ཁྱེར་ཆེན་མོ་གཉིས་པ་སཱ་མཱ་ཨར་ཧན་ནས་ཐུར་ཁེའི་རིག་གནས་ཉིན་མོའི་བྱ་འགུལ་རབས་དང་རིམ་པ་སྤེལ་རྒྱུའི་འཆར་གཞི་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡི་མགོ་ཁྲིད་འོག་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་བཅོས་བསྒྱུར་བྱ་བ་སྣ་ཚོགས་བདེ་བླག་ངང་ལག་བསྟར་བྱས་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་ནུས་ཁུངས་དང་འགྲིམ་འགྲུལ། སྨན་བཅོས། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ཉིན་དེར་ད་རུང་དམག་དོན་དང་དཔལ་འབྱོར། ཚན་རྩལ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་བཅུ་བཀོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།