ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གཞོན་པ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གཞོན་པ་ལོ་ཏི་ལི་ཀི་སི་ཡིས་ཚེས་བཅུ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོ་མོ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཐུར་ཁེ་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་གནས་བབ་དང་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་ཡིན་ཟེར། 

ལོ་ཏི་ལི་ཀི་སི་ཡིས་ད་རུང་ད་ལྟའི་ཨུ་རུ་སི་ཞེས་པའི་འཕྲིན་གཏོང་ཁང་ལ་ཐེངས་འདིའི་གྲོས་མོལ་སྐོར་གྱི་གནས་ཚུལ་བརྒྱུད་བསྐུར་བྱས་ཏེ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་མིག་སྔའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་གཅིག་མཐུན་གྱི་ལྟ་ཚུལ་བཟུང་ཡོད་པ་དང་། ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཚིམས་ཡོད་པར་མ་ཟད། བཙན་དབང་རིང་ལུགས་དང་ཕྱོགས་གཅིག་གི་བཀག་སྡོམ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།