ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅུ་ཉིན་གྲོས་མོལ་བྱེད་པའི་རེ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་དགུ་ཉིན་འཁོར་སྐར་རྒྱང་སྒྲོག་ཁང་གི་ཐད་གཏོང་ལེ་ཚན་ཁྲོད་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁས་ལེན་བྱས་དོན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཚེས་བཅུ་ཉིན་ཐུར་ཁེའི་ཨན་ཐཱ་ལེ་ཡཱ་ཕྱི་འབྲེལ་གླེང་སྟེགས་སྐབས་སུ་གྲོས་མོལ་བྱེད་རྒྱུ་རེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། གལ་ཏེ་ཡོད་ཚད་བདེ་བླག་ཡིན་ན། ཕྱོགས་གཉིས་ཀྱི་གྲོས་མོལ་དུས་ལྟར་སྤེལ་རྒྱུ་ཡིན་པར་འདོད། 

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། གྲོས་མོལ་དེ་ཐུར་ཁེ་ཡིས་སྤེལ་བ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་བཀོད་སྒྲིག་དེ་ཁས་ལེན་བྱས་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཀྱང་གྲོས་མོལ་ལ་གྲ་སྒྲིག་བྱེད་ཀྱང་། སྔ་མོ་ནས་གདེང་འཇོག་བྱེད་མི་སྲིད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཚེས་དགུ་ཉིན་ཨན་ཐཱ་ལེ་ཡཱ་རུ་འགྲོ་བའི་འཆར་གཞི་ཡོད་པ་རེད། 

ཐཱ་སི་གསར་འགྱུར་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་མགོ་འཛིན་འོག ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨན་ཐཱ་ལེ་ཡཱའི་ཕྱི་འབྲེལ་གླེང་སྟེགས་སྐབས་སུ་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།