ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱིས་ཝུའུ་ཁི་ལན་ལ་དམག་དོན་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གིས་ཚེས་བཞི་ཉིན་ཝུའུ་ཁི་ལན་ལ་མདེལ་འགོག་ལྭ་བ་དང་འཁྱག་འགོག་ལྭ་བ་སོགས་དམག་བཀོལ་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་ཐག་བཅད། 

ཚེས་བཞི་ཉིན་གྱི་དགོང་མོར། འཇར་པན་གྱི་ནེ་ཀིའི་མགྲིན་ཚབ་དཔོན་པོ་སུང་ཡེ་པའོ་དབྱེ་ཡིས་རྒྱལ་ཁབ་བདེ་འཇགས་འགན་སྲུང་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཆོད་དོན་དེ་ཁྱབ་བསྒྲགས་བྱས་ཤིང་། གྲོས་ཚོགས་དེར་དབུ་བཞུགས་བློན་ཆེན་དང་ནེ་ཀིའི་མགྲིན་ཚབ་དཔོན་པོ། ཕྱི་འབྲེལ་བློན་ཆེན། རྒྱལ་སྲུང་བློན་ཆེན་སོགས་ཞུགས་ཡོད། མདེལ་འགོག་ལྭ་བ་དང་འཁྱག་འགོག་ལྭ་བ་ལས་གཞན། ཐེངས་འདིར་འཇར་པན་གྱིས་འདོན་སྤྲོད་བྱས་པའི་དངོས་རྫས་ལ་ད་རུང་རས་གུར་དང་པར་ཆས། ཟས་རིགས། གློག་འདོན་འཕྲུལ་ཆས། བདེ་འཇགས་ཞྭ་མོ་སོགས་འདུས་ཡོད། 

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་བཞི་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ལ་ཁ་པར་བཏང་། ཨན་ཐེན་ཝུན་ཞོང་གིས་བསྟན་དོན། འཇར་པན་གྱིས་སྔ་མོ་ནས་དགོས་ངེས་ཀྱི་དངོས་རྫས་སྐྱེལ་ཡོང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།