ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱི་གསར་བས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཁག་ཐེག་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ཡུལ་སི་ཕན་ནས་ཡིན་པའི་དམག་དཔོན་ལཱ་སཱ་ལོ་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་དངོས་སུ་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགགས་ཀྱི་གནས་སྐབས་དམག་དཔུང་ཆེད་མངག་ཚོགས་པའི་ཚོགས་གཙོ་དང་དམག་དཔུང་གི་བཀོད་འདོམ་དཔོན་པོའི་འགན་ཁུར། ཁོས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པར་ཁག་ཐེག་བྱེད་དགོས་པའི་ཚུལ་བསྟན་པར་མ་ཟད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་ལེ་པཱ་ནུན་དང་དབྱི་སི་རལ་བར་གྱི་གནས་སྐབས་རྒྱལ་མཚམས་ལམ་ཐིག་ལ་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་། 

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགགས་ཀྱི་གནས་སྐབས་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནཱ་ཀུའུ་ལཱ་གྲོང་རྡལ་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་དབང་ཆ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་སྤེལ། དེའི་སྔོན་ཐེངས་གསུམ་ལ་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགགས་ཀྱི་གནས་སྐབས་དམག་དཔུང་ནས་ལས་འགན་ཁུར་བའི་ལཱ་སཱ་ལོ་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། གལ་ཏེ་དོན་རྐྱེན་ཅི་ཞིག་བྱུང་ན། ཁོས་འབྲེལ་གཏུག་དང་མཐུན་སྦྱོར་རྐྱེན་སྲོལ་ལ་ཞུ་གཏུག་བྱེད་ངེས་ཡིན་ཟེར། 

ལས་འགན་བསྐྱུར་བའི་ཕ་ཡུལ་དབྱི་ཐཱ་ལེ་ནས་ཡིན་པའི་དམག་དཔོན་ཏི་ཨར་ཁི་ཨར་གྱིས་མཛད་སྒོའི་སྟེང་བསྟན་དོན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགགས་ཀྱི་གནས་སྐབས་དམག་དཔུང་གིས་དུས་ཡུན་རིང་བོའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་གོ་སྐབས་འདོན་སྤྲོད་བྱས་དང་བྱེད་བཞིན་ཡོད་ཀྱང་། ཆབ་སྲིད་ཀྱི་དུས་ཡུན་རིང་བོའི་ཐག་གཅོད་ཇུས་གཞིའི་ཚབ་བྱེད་མི་རུང་ཟེར། ཁོས་ལེ་པཱ་ནུན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་སྔོན་ཆད་ཀྱི་འགལ་བ་བསྐྱུར་ནས་མདུན་དུ་བསྐྱོད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།