ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སིའི་དམག་དཔུང་གི་ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་དེ་དམིགས་འབེན་ཡོངས་འགྲུབ་བྱེད་རག་བར་རྒྱུན་བསྲིང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱེད་རག་བར་དུ་མུ་མཐུད་ནས་དམིགས་བསལ་གྱི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་མངའ་ཁོངས་བཙན་བཟུང་བྱེད་མི་སྲིད་པ་དང་། བྱེད་ཐབས་གང་རུང་སྤྱད་དེ་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད། དམག་དོན་ཆམ་ཕབ་དེ་དམག་དོན་སྒྲིག་ཆས་ཁོ་ནར་དམིགས་པ་ཡིན་ལ། གནད་ལ་ཕོག་ཚད་མཐོ་བའི་མཚོན་ཆ་བཀོལ་ནས་ཡོངས་འགྲུབ་བྱེད་པ་ཡིན་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ང་ཚོའི་ལས་འགན་གཙོ་བོ་ནི་ཨུ་རུ་སི་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཟོས་པའི་དམག་དོན་འཇིགས་ཉེན་མི་ཐེབས་པར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་དང་། ཁོ་ཚོས་ཝུའུ་ཁི་ལན་གྱི་མི་དམངས་བེད་སྤྱད་དེ་ཨུ་རུ་སིར་ངོ་རྒོལ་བྱེད་རྩིས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།