ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་དུས་ཡུན་ཐུང་ངུའི་ནང་གྲོས་མཐུན་འགོད་པར་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྣམ་དག་གི་རྣམ་འགྱུར་སྟོན་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅུ་བཞི་ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱེད་པའི་ལྷག་བསམ་ཡོད་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་དུས་ཡུན་ཐུང་ངུའི་ནང་གྲོས་མཐུན་འགོད་པའི་རེ་བ་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨིར་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ཝུན་ནེ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ནན་ཏན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱས་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་དུས་ཡུན་ཐུང་ངུའི་ནང་གྲོས་མཐུན་བཟང་བོ་ཞིག་འགོད་ཐུབ་པའི་རེ་བ་ཡོད་ཟེར། དབྱི་ལིང་གིས་མྱུར་མོར་གྲོས་མཐུན་འགོད་པར་རེ་བཞིན་ཡོད་ཀྱང་། གྲོས་མོལ་དེ་ངེས་པར་དུ་གཏན་ཚིགས་དང་མཐུན་པའི་སྒྲོམ་གཞིའི་ནང་སྤེལ་དགོས་པ་དང་། དབྱི་ལིང་གི་རྒྱལ་ཁབ་ཁེ་དབང་ལ་སྲུང་སྐྱོབ་དང་འགན་སྲུང་བྱེད་དགོས་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། གྲོས་མོལ་ལ་ཞུགས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་ངེས་པར་དོན་གྱིས་ལག་བསྟར་བྱེད་འདོད་ཡོད་པ་དང་། མི་རྣམས་ཧ་ལས་པར་བྱེད་པའི་བྱ་སྤྱོད་སྤེལ་ནས་གཞན་ལ་མགོ་སྐོར་གཏོང་བ་མིན་པ་བདེན་དཔང་བྱེད་དགོས། ནུབ་ཕྱོགས་རྒྱལ་ཁབ་དག་གིས་གྲོས་མོལ་གྱི་ཆེས་མཇུག་མཐའི་ཡུན་ཚད་གཏན་འཁེལ་བྱེད་པར་འཇིགས་སྐུལ་ན་གྲོས་མཐུན་འགོད་པར་དུས་ཚོད་ཐག་གཅོད་བྱེད་ཐབས་མེད་ལ། གྲོས་མོལ་དེ་དུས་ནམ་ཞིག་ལ་མཇུག་སྒྲིལ་བ་དེ་གྲོས་མོལ་གྱི་དོན་དངོས་གནས་ཚུལ་དང་ནུབ་ཕྱོགས་རྒྱལ་ཁབ་དག་གི་རྣམ་དག་གི་རྣམ་འགྱུར། དམ་བཅའ་ལག་བསྟར་བྱེད་པའི་ཚད་བཅས་ལ་རག་ལས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།