ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གཏན་ཁེལ་ནད་པ་དུང་ཕྱུར4ལས་བརྒལ་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས10ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གཏན་ཁེལ་ནད་པ་བསྡོམས་པས་དུང་ཕྱུར4ལས་བརྒལ་ཞིང་། ཚེ་འདས་ནད་པ་བསྡོམས་པས་ཁྲི577ཡོད་པ་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་སྟེང་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨོ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད17དང་སྐར་མ13བར(པེ་ཅིང་གི་དུས་ཚོད་ཚེས11ཉིན་གྱི་ཆུ་ཚོད་ཐིག་ལེ་དང་སྐར་མ13)གོ་ལ་ཧྲིལ་བོར་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་སྔོན་ཉིན་ལས2332592ཇེ་མང་དུ་སོང་སྟེ402044502ལ་སླེབས་པ་དང་། ཚེ་འདས་ནད་པ12005ཇེ་མང་དུ་སོང་སྟེ5770023ལ་སླེབས་ཡོད། 

དེའི་ཁྲོད། ཨ་མེ་རི་ཁ་ནི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་དང་ཚེ་འདས་ནད་པ་ཆེས་མང་པོའི་རྒྱལ་ཁབ་ཡིན་ལ། ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་ཁྲི7644བརྒལ་བ་དང་ཚེ་འདས་ནད་པ་ཁྲི90.2ལས་བརྒལ་ཡོད། དེ་དག་གོ་ལ་ཧྲིལ་བོའི་བསྡོམས་གྲངས་ཀྱི19%དང15.6%ཟིན་ཡོད།

ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་བསྡོམས་གྲངས་ཁྲི1000ལས་བརྒལ་བའི་རྒྱལ་ཁབ་ལ་ད་དུང་རྒྱ་གར་དང་པར་ཙིར། ཧྥ་རན་སི། དབྱིན་ཅི། ཨུ་རུ་སུ། ཐུར་ཁེར། དབྱི་ཐ་ལི། འཇར་མན། སི་ཕེན་སོགས་ཡོད་ལ། དེའི་ཁྲོད་རྒྱ་གར་དང་པར་ཙིར་གཉིས་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི4247དང་ཁྲི2677ལས་བརྒལ་བ་དང་། ཚེ་འདས་ནད་པ་ཁྲི50.6དང་ཁྲི63.3ལས་བརྒལ་ཡོད། ཨ་མེ་རི་ཁ་དང་རྒྱ་གར། པར་ཙིར་བཅས་རྒྱལ་ཁབ་གསུམ་གྱི་ནད་རྟགས་ཐག་བཅད་པའི་ནད་པའི་བསྡོམས་གྲངས་གོ་ལ་ཧྲིལ་བོའི36.2%ཡན་ཟིན་ཡོད་ལ། ཚེ་འདས་ནད་པའི་བསྡོམས་གྲངས་གོ་ལ་ཧྲིལ་བོའི35.4%ཉེ་བ་རེད། 

གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་དང་ཚེ་འདས་ནད་པ་སྔར་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྒྱལ་ཁབ་ཁག་གཅིག་གིས་རིམས་ནད་འགོག་སྲུང་གི་བྱེད་ཐབས་མེད་པར་བཟོས་དང་བཟོ་བཞིན་ཡོད་པ་རེད། དེ་བས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནན་བཤད་བྱས་དོན། པྲོག་གསར་གློ་ཚད་ཀྱི་རིམས་ནད་ད་དུང་མཇུག་རྫོགས་མེད་སྟབས། མིག་སྔར་ད་དུང་འགོག་སྲུང་བྱེད་ཐབས་མེད་པར་བཟོ་བའི་དུས་ལ་ཐོན་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།