ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཀི་ནེ་ཡ་པི་སོ་ལ་བདེ་སྲུང་དམག་དཔུང་མངག་གཏོང་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཉེ་སྔོན་སྲིད་འགྱུར་གྱི་དམིགས་ཡུལ་མ་འགྲུབ་པའི་ཀི་ནེ་ཡ་པི་སོ་ལ་གཏན་འཇགས་སྲུང་སྐྱོབ་དམག་དཔུང་ཞིག་མངག་གཏོང་བྱས་ནས། རྒྱལ་ཁབ་དེའི་བདེ་འཇགས་གནས་བབ་གཏན་འཇགས་སུ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་འགོ་ཁྲིད་མི་སྣས་ཚེས་གསུམ་ཉིན་ཀག་ནའི་རྒྱལ་ས་ཨ་ཁ་ར་ནས་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས། པུའུ་ལུའུ་ཡིས་གྲོས་ཚོགས་རྗེས་ཀྱི་གསར་འགོད་པའི་གྲོས་ཚོགས་སྟེང་བསྟན་དོན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཀི་ནི་ཡ་པི་སོ་ལ་དམག་དོན་རོགས་འདེགས་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་དེའི་དམངས་གཙོ་དང་ཞི་བདེ། བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རོགས་བྱེད་རྒྱུའི་ཐད་བཅད། ཀི་ནེ་ཡ་པི་སོ་ལ་བདེ་སྲུང་དམག་དཔུང་མངག་གཏོང་བྱེད་པའི་དམིགས་འབེན་ནི་དྲག་ཆས་ལ་བརྟེན་ནས་སྲིད་དབང་འཕྲོག་འདོད་པའི་དོན་རྐྱེན་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་རྒྱུ་དེ་ཡིན།

ཀི་ནེ་ཡ་པི་སོ་རུ་ཚེས་གཅིག་ཉིན་དམིགས་ཡུལ་མ་གྲུབ་པའི་སྲིད་འགྱུར་བྱུང་ནས། མི་འགའ་འཛིན་བཟུང་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།