ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་དཔུང་གིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། དབྱི་རག་མཁའ་དམག་གིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་ཡོད་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བཞི་འགས་གཏོར་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་ཟེར། 

དབྱི་རག་གི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་མགྲིན་ཚབ་པ་ཡེ་ཧེ་ཡཱ་ལཱ་སུའུ་ཨར་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་ནང་སྲིད་པུའུ་ཡིས་འདོན་སྤྲོད་བྱས་པའི་གསང་འཕྲིན་ལྟར་ན། དབྱི་རག་མཁའ་དམག་གིསF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མངགས་ནས་སཱ་ལཱ་ཧི་ཏེན་ཞིང་ཆེན་བྱང་ངོས་ཀྱི་མཱ་ཧ་འུ་ལེ་རི་ཁུལ་དུ་བར་སྣང་འཇབ་རྒོལ་ཐེབས་བཞི་བྱས་པ་དང་། བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད་ཟེར། 

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས་ཉེར་གཅིག་ཉིན་དབྱི་རག་ཤར་ངོས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་དུ་འཇབ་རྒོལ་བྱས་ཏེ། དམག་དཔོན་གཅིག་དང་བཅའ་པའི་དབྱི་རག་གི་དམག་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། དབྱི་ལིང་གི་ཙུང་ལི་དང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁཱ་ཏིས་མུས་ཀྱིས་ཉིན་དེར་བྲེལ་མྱུར་གྲོས་ཚོགས་བསྡུས་པ་དང་གསལ་སྒྲོག་སྤེལ་ནས། དོན་དེའི་ཆེད་དུ་དམག་དོན་འགུལ་སྐྱོད་སྤེལ་དགོས་པ་ཁྱབ་བསྒྲགས་བྱས། 

དབྱི་རག་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལྷག་འཕྲོའི་སྟོབས་ཤུགས་དེ་གཙོ་བོ་དབྱི་རག་དང་སི་རི་ཡཱའི་འབྲེལ་མཚམས་ས་ཁུལ་དུ་འགྲོ་འདུན་བྱེད་བཞིན་ཡོད་པ་དང་། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།