ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝུའུ་ཁི་ལན་དུ་སྡོད་པའི་གཞུང་ཚབ་མི་སྣའི་ཁྱིམ་མི་ཕྱིར་འཐེན་བྱེད་དགོས་པའི་བཀའ་ཕབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུའུ་ཁི་སི་གསར་འགྱུར་ཞེས་པས་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝུའུ་ཁི་ལན་དུ་སྡོད་པའི་གཞུང་ཚབ་མི་སྣའི་ཁྱིམ་མི་རྣམས་ཆེས་སྔ་ན་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ནས་བཟུང་ཝུའུ་ཁི་ལན་ནས་ཕྱིར་འཐེན་བྱེད་དགོས་པའི་བཀའ་ཕབ་ཟེར།

དེ་དང་མཉམ་དུ། ཝུའུ་ཁི་ལན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་བསྒྲགས་རྒྱུར། ཨ་མེ་རི་ཁའི་བདེ་འཇགས་རོགས་སྐྱོར་དངོས་རྫས་དང་མདེལ་རྫས་སྐོར་དང་པོ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ཝུའུ་ཁི་ལན་དུ་བསྐྱལ་ནས་ཐོན་ཡོད་ཟེར།

ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་བཤད་རྒྱུར། གཟའ་འཁོར་རྗེས་མར། སྔོན་དཔག་བྱས་ན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་ཨ་རི་པ་རྣམས་ཚོང་ལས་སྐྱེལ་འདྲེན་གནམ་གྲུ་ལ་བསྡད་དེ་ཝུའུ་ཁི་ལན་ནས་ཕྱིར་འཐེན་བྱེད་པར་སྐུལ་མ་བྱེད་སྲིད་ཟེར།

ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའ་སྔོན་དཔག་བྱས་ན་གཟའ་འཁོར་རྗེས་མར་པོ་ལོ་ཏེ་རྒྱ་མཚོའི་རྒྱལ་ཁབ་དང་ཨ་མེ་རི་ཁའི་མཚོན་ཆའི་མཛོད་ཁང་ནས་བསྐྱལ་ཏེ་ཝུའུ་ཁི་ལན་ལ་ཐོན་སྲིད་པ་དང་། དེ་དང་མཉམ་དུ། ཨ་མེ་རི་ཁའི་སྲིད་གཞུང་གིས་རྗེས་ཕྱོགས་ཀྱི་ཉིན་འགར་མཚོན་ཆ་དང་མདེལ་རྫས་སྔར་ལས་མང་པོ་ཝུའུ་ཁི་ལན་དུ་སྐྱེལ་རྒྱུ་རེད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།