ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་དཔོན་རིགས་ཀྱིས་སུའེ་ཏེན་དང་ཀྲུང་གོའི་ཚན་རྩལ་གསར་སྐྲུན་མཉམ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅངས་ཡོད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་སློབ་གསོའི་བློན་ཆེན་ཨེ་ཁི་སི་ཐི་ལུན་གྱིས་ཚེས་བཅུ་བདུན་ཉིན་བཤད་དོན། སུའེ་ཏེན་ཕྱོགས་སུའེ་ཏེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་གསར་སྐྲུན་མཉམ་ལས་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ཡིད་ཚིམ་ཡོད་པ་དང་མ་འོངས་པའི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅངས་ཡོད།

ཨེ་ཁི་སི་ཐི་ལུན་གྱིས་ཉིན་དེར་སུའེ་ཏེན་སྲིད་གཞུང་གྲོས་ཚོགས་ལྟེ་གནས་ནས་སུའེ་ཏེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚེའོ་ཨེ་མེན་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་དྲ་ཐོག་ནས་བསྡུས་པའི་སུའེ་ཏེན་དང་ཀྲུང་གོའི་ཚན་རྩལ་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བདེ་བླག་ངང་ཚོགས་པར་སྨོན་འདུན་ཞུས།

ཨེ་ཁི་སི་ཐི་ལུན་གྱིས་ཐུག་འཕྲད་བྱེད་སྐབས་སུའེ་ཏེན་ཕྱོགས་ལ་ཚན་རྩལ་གསར་སྐྲུན་ལ་སྐུལ་སྤེལ་བྱེད་པའི་སྒྲུབ་སྟངས་གསར་པ་མཚམས་སྦྱོར་བྱས་པར་མ་ཟད། སུའེ་ཏེན་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ཧ་ཅང་མཐོང་ཆེན་བྱས་ན་ཕྱོགས་གཉིས་ཀྱིས་ཚན་རྩལ་གསར་སྐྲུན་དང་ལྗང་མདོག་འཕེལ་རྒྱས་མཉམ་ལས་ཤུགས་སྣོན་པར་ཕན་པ་ཡོད་པའི་ཚུལ་བསྟན། སུའེ་ཏེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་མཉམ་ལས་དོན་དག་ཐད་ནས་འབྲེལ་འདྲིས་དམ་པོ་བྱེད་རྒྱུ་སྲུང་འཛིན་བྱེད་འདོད་ཡོད་ཟེར།

ཚུའེ་ཨེ་མེན་གྱིས་ཀྲུང་གོས་ཚན་རྩལ་གསར་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས། ཁོས་བཤད་དོན། ཚན་རྩལ་གསར་སྐྲུན་མཉམ་ལས་ལ་ཤུགས་སྣོན་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པ་དང་དེང་སྐབས་འཛམ་གླིང་གི་མདུན་དུ་ལྷགས་པའི་འཕེལ་རྒྱས་འགྲན་རྩོད་ལ་ཁ་གཏད་འཇལ་བར་རོགས་འདེགས་བྱེད་པ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།