ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་རིས་གྲོས་ཚོགས་སྟེང་གྲོས་དོན་ཆེན་པོ་བཅུ་ལ་དམིགས་ནས་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་བརྙན་རིས་གྲོས་ཚོགས་ཚེས་བཅུ་བདུན་ཉིན་དྲ་ཐོག་ནས་བསྡུས་པ་དང་། གྲོས་ཚོགས་བསྡུ་ཡུན་ཉིན་ལྔ་ཡིན་ལ། ཚོགས་ཞུགས་མི་སྣས་འཛམ་གླིང་གི་གནས་བབ་ཅེས་པའི་བརྗོད་དོན་ལ་དམིགས་ནས་བརྗེ་རེས་དང་གྲོས་སྡུར་བྱེད་རྒྱུ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་གསར་འགྱུར་སྤྱི་སྒྲོག་ལས་མངོན་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ཐད་ནས་གཙོ་བོར་པྲོག་གསར་གློ་ཚད་རིམས་ནད་དང་བཟོ་ལས་གསར་བརྗེ་ཐེངས་བཞི་པ། ནུས་ཁུངས་ཚུལ་བསྒྱུར། ནམ་ཟླའི་འགྱུར་ལྡོག རྒྱུན་སྲིང་འཕེལ་རྒྱས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་རྒྱང་ལྟ་སོགས་གྲོས་དོན་ཆེན་པོ་བཅུ་ལ་དམིགས་ནས་གྲོས་སྡུར་བྱེད་རྒྱུ་རེད། རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་དང་སྲིད་གཞུང་གི་འགོ་བ། ཚོང་ལས་ཀྱི་གཙོ་འཛིན། རྒྱལ་སྤྱིའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣ་བཅས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་སྤྱི་ཚོགས་གན་རྒྱ། འགོག་སྨན་འདྲ་མཉམ་སོགས་འཛམ་གླིང་ཡོངས་ཀྱི་ཆེས་བྲེལ་མྱུར་ཆེ་བའི་གནད་དོན་ཐད་ཀྱི་ལྟ་ཚུལ་མཉམ་སྤྱོད་བྱེད་རྒྱུ་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་བཏོད་མཁན་དང་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པི་ཡིས་བསྟན་དོན། མི་ཚང་མས་པྲོག་གསར་རིམས་ནད་དང་དེ་ལས་བྱུང་བའི་ཉེན་ཁ་དེ2022ལོར་རིམ་པ་བཞིན་མེད་པར་བཟོ་རྒྱུའི་རེ་བ་བཅངས་ཡོད་ན་ཡང་། ནམ་ཟླའི་འགྱུར་ལྡོག་ནས་ཡིད་ཆེས་དང་སྤྱི་ཚོགས་ཀྱི་གཅིག་བསྡུས་ནུས་པ་ཡང་བསྐྱར་འཛུགས་པ་སོགས་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་ཛ་དྲག་ཆེ་བའི་འགྲན་རྩོད་ལ་ད་དུང་ང་ཚོས་ཁ་གཏད་འཇལ་དགོས་པས། གནད་དོན་དེ་དག་ཐག་གཅོད་དགོས་ན། རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣས་མ་དཔེ་གསར་པ་སྤྱོད་པ་དང་། ཡུན་རིང་གི་འཕེལ་རྒྱས་ལ་དམིགས་ནས། ཡང་བསྐྱར་མཉམ་ལས་བྱེད་པ་དང་འགུལ་སྐྱོད་ཆ་ཚང་བ་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།