ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ326279424ལ་སླེབས་ཡོད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་དང་པོའི་ཚེས17ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལྟར་ན། གོ་ལ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ326279424ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་ཆེས་གསར་བའི་གཞི་གྲངས་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས17ཉིན་གྱི་ཆུ་ཚོད16དང་སྐར་མ35བར(པེ་ཅིང་གི་ཆུ་ཚོད23དང་སྐར་མ35བར)དུ། གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཉིན་སྔོན་མ་ལས2669054ཇེ་མང་དུ་སོང་སྟེ། བསྡོམས་པས326279424ལ་སླེབས་ཡོད་པ་དང་། ཚེ་འདས་ནད་པ་ཉིན་སྔོན་མ་ལས6916ཇེ་མང་དུ་སོང་སྟེ5536609ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།