ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སུའེ་ཏེན་ཕྱི་འབྲེལ་པུའུ་གུས་མགྲོན་སིའི་འགོ་གཙོ་ལུན་ཏི་ཁོས་སི་ཐི་ཡིས་ཉེ་སྔོན་བཤད་དོན། སུའེ་ཏེན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

སུའེ་ཏེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚུའེ་ཨེ་མེན་གྱིས་ཚེས་བཅུ་གཅིག་ཉིན་སུའེ་ཏེན་ཕྱི་འབྲེལ་པུའུ་ནས་སུའེ་ཏེན་ཕྱོགས་ལ་རྒྱལ་ཡིག་བཤུས་མ་སྤྲད་པར་མ་ཟད། སུའེ་ཏེན་ཕྱོགས་ཀྱི་དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་ཀྱི་དམིགས་བསལ་བཀོད་སྒྲིག་ལྟར། ལུན་ཏི་ཁོས་སི་ཐི་བརྒྱུད་དེ་རྒྱལ་ཡིག་སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཁ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུའུ་ལ་བརྒྱུད་སྤྲོད་བྱས། སུའེ་ཏེན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་ཀུའུ་སི་ཐ་ཧྥུའུ་ལ་རྒྱལ་ཡིག་འབྱོར་བ་ཁས་ལེན་བྱས།

ལུན་ཏི་ཁོས་སི་ཐི་ཡིས་བཤད་དོན། སུའེ་ཏེན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་དང་། ཀྲུང་གོའི་གཞུང་ཚབ་ཆེན་མོས་བྱ་བ་བསྒྲུབ་པར་ཧུར་ཐག་རོགས་ལས་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།