ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་སི་རི་ཡ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་ལས་དགོངས་དག་ཞུ་བའི་དྲན་ཐོ་སྟེང་མིང་རྟགས་བཀོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས12ཉིན། སི་རི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྥུན་པིའོ་དང་སི་རི་ཡའི་འཆར་གཞི་དང་རྒྱལ་སྤྱིའི་མཉམ་ལས་ཧྲུའུ་ཡི་མགོ་གཙོ་ཧྥ་ཏི·ཧཱ་ལི་ལུ་རྣམ་གཉིས་ཀྱིས་རང་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཚབ་བྱས་ཏེ། ཏ་མ་སི་ཁུ་རུ“རྒྱུད་གཅིག་ལམ་གཅིག”མཉམ་ལས་དགོངས་དག་ཞུ་བའི་དྲན་ཐོ་སྟེང་མིང་རྟགས་བཀོད། 

ཧྥུན་པིའོ་ཡིས་མིང་རྟགས་བཀོད་པའི་མཛད་སྒོའི་སྟེང་སི་རི་ཡ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཁོངས་མི་གསར་བ་རུ་གྱུར་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུང་གོ་དང་སི་རི་ཡ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་ལས་དགོངས་དག་ཞུ་བའི་དྲན་ཐོ་སྟེང་མིང་རྟགས་བཀོད་པ་ནི་ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་དངོས་དོན་མཉམ་ལས་གཏིང་ཟབ་དུ་སྤེལ་རྒྱུ་དང་།  “རྒྱུད་གཅིག་ལམ་གཅིག”གྲོས་འགོ་དང་སི་རི་ཡའི་སྲིད་འཛིན་པཱ་ཧྲ་ཨེར་གྱིས་བཏོན་པའི“ཤར་སྐྱོད”འཐབ་ཇུས་འབྲེལ་མཐུད་མངོན་འགྱུར་བྱས་ཏེ། མ་འོངས་པར་ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་དཔལ་འབྱོར་བསྐྱར་སྐྲུན་བྱེད་པར་དམིགས་འབེན་དང་ཁ་ཕྱོགས། རྩ་འཛིན་བཅས་འདོན་སྤྲོད་བྱས་པ་རེད། 

ཧཱ་ལི་ལུ་ཡིས་བསྟན་དོན། སི་རི་ཡ་དང་ཀྲུང་གོ་བར་གྱི་འབྲེལ་བ་ཧ་ཅང་རིང་སྟེ། སི་རི་ཡའི་ཨ་ལུ་ཕོ་དང་པཱ་ཨེར་སྨི་ལཱ་ནི་གནའ་བོའི་དར་གོས་ཚོང་ལམ་སྟེང་གི་གྲོང་ཁྱེར་གལ་ཆེན་གཉིས་ཡིན་པ་རེད། སི་རི་ཡ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནང་ཞུགས་པ་དེས་སི་རི་ཡ་དང་ཀྲུང་གོ་གཉིས་རྨང་གཞི་སྒྲིག་ཆས་དང་གློག་ཤུགས་སོགས་ཁྱབ་ཁོངས་མང་པོའི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་དང་། སི་རི་ཡ་དང་མཐའ་འཁོར་རྒྱལ་ཁབ་བར་མཉམ་ལས་སྤེལ་བར་སྐུལ་འདེད་གཏོང་ཐུབ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།