ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡའི་སྲིད་འཛིན་དང་ཙུང་ལི་རྣམ་གཉིས་རང་ཉིད་ལོག་བཀར་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས11ཉིན། པུར་ཀ་རི་ཡའི་སྲིད་འཛིན་གསར་འགྱུར་གཞུང་ལས་ཁང་གིས་བསྒྲགས་དོན། པུར་ཀ་རི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་མིང་ཆེ་ཧྥུའུ་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་དཔྱད་འབྲས་གདག་གཤིས་མངོན་སྟབས། པུར་ཀ་རི་ཡའི་སྲིད་འཛིན་ལཱ་ཏི་ཧྥུའུ་རང་ཉིད་ལོག་བཀར་བྱེད་མགོ་བརྩམས། གཞན་པུར་ཀ་རི་ཡ་སྲིད་གཞུང་གསར་འགྱུར་ལྟེ་གནས་ཀྱི་གསར་འགྱུར་ལྟར་ན། ཙུང་ལི་ཕའེ་ཐུ་ཁུ་ཧྥུའུ་ཡང་རང་ཉིད་ལོག་བཀར་བྱེད་མགོ་བརྩམས་པ་རེད། 

ཚེས10ཉིན། མིང་ཆེ་ཧྥུའུ་ཡིས་ལཱ་ཏི་ཧྥུའུ་དང་ཕའེ་ཐུ་ཁུ་ཧྥུའུ་བཅས་དང་མཉམ་དུ་ཚོགས་འདུར་ཞུགས་ཤིང་། ཚོགས་འདུ་གྲོལ་རྗེས་མིང་ཆེ་ཧྥུའུ་ལ་པྲོག་གསར་གློ་ཚད་ནད་དུག་གི་དཔྱད་འབྲས་གདག་གཤིས་མངོན་པ་ཤེས། པུར་ཀ་རི་ཡའི་འབྲེལ་ཡོད་གཏན་འབེབས་ལྟར་ན། སྲིད་འཛིན་དང་ཙུང་ལི་ཚུད་པའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་ཚང་མ་རང་ཉིད་ལོག་བཀར་བྱེད་དགོས་པ་རེད།

པྲོག་གསར་གློ་ཚད་རིམས་ནད་ལ་བཀག་སྡོམ་བྱ་ཆེད། པུར་ཀ་རི་ཡས2020ལོའི་ཟླ3པ་ནས་བཟུང་ཟླ་ངོ1རིང་ལ་རྒྱལ་ཡོངས་ནས་གནས་ཚུལ་ཛ་དྲག་ཅན་གྱི་རྣམ་པ་ལག་བསྟར་བྱས་ཤིང་། དེ་རྗེས་ཐེངས་མང་པོ་ལ་ཛ་དྲག་ཅན་གྱི་རྣམ་པ་རྒྱུན་བསྲིང་བྱས། ཉེ་དུས་རྒྱུན་བསྲིངས་བྱས་པའི་དུས་ཚོད་ནི2022ལོའི་ཟླ3པའི་ཚེས31ཉིན་བར་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།