ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་དང་ཁི་ཝེ་ཐི། ཨ་མན། པཱ་ལིན་བཅས་མཚོ་ཁུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་། མཚོ་ཁུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་མོ་བཅས་ཀྱིས་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་གདན་དྲངས་པ་ལྟར། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེ་ཧྥེ་སཱ་ཨར་དང་། ཁི་ཝེ་ཐིའི་ཕྱི་འབྲེལ་བློན་ཆེན་དང་ནང་སྲིད་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨེ་ཧཱ་མེད་ཏི། ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར། པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ནེ། མཚོ་ཁུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་མོ་ནཱ་དབྱེ་ཧྥུའུ་བཅས་ཀྱིས་ཟླ་དང་པོའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་རེད་ཟེར།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།