ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡའི་ལྷོ་ཕྱོགས་སུ་རླངས་འཁོར་གྱི་དོན་རྐྱེན་ཞིག་བྱུང་ནས་མི14རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས3ཉིན། ཐན་ཙན་ནི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས2ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་མུའུ་ཐུ་ཝ་ལ་ས་ཁུལ་དུ་རླངས་འཁོར་ཞིག་མི་ཚོགས་ནང་འཛུལ་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་དང་མི22ལ་རྨས་སྐྱོན་བྱུང་བ་ཁྱབ་བསྒྲགས་བྱས། 

མུའུ་ཐུ་ཝ་ལ་ས་ཁུལ་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་མཱ་ཁི·ཨུན་ཅེ་ལ་ཡིས་ཚེས3ཉིན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས2ཉིན་གྱི་དགོང་མོར་སྡེ་བ་ཞིག་ཏུ་མཛད་སྒོ་བསྡུ་བཞིན་པའི་སྐབས་སུ་རླངས་འཁོར་ཞིག་མི་ཚོགས་ནང་འཛུལ་སྟབས་ཤི་རྨས་ཚབས་ཆེན་ཐེབས་ཞེས་བཤད། 

ཁོས་བཤད་རྒྱུར། རླངས་འཁོར་ཁ་ལོ་བས་དོན་རྐྱེན་བཟོས་རྗེས་རླངས་འཁོར་སྣུམ་སྣོན་ས་ཚིགས་ཤིག་ཏུ་བསྐྱུར་ནས་བྲོས་བྱོལ་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ད་ལྟ་འདེད་འཛིན་བྱེད་བཞིན་པའི་སྒང་རེད།

བསྒྲགས་པའི་གསར་འགྱུར་ལྟར་ན། རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ་དེའི་ཁྲོད་ཀྱི་ནད་པ8ཀྱི་གནས་ཚུལ་ཅུང་ཚབས་ཆེན་རེད། ཚེས3ཉིན་ཐན་ཙན་ནི་ཡའི་ཙུང་ཐུང་ཧྭ་སང་གིས་གསར་བསྒྲགས་སྤེལ་ཏེ། འདས་པོ་རྣམས་ལ་མྱ་ངན་ཞུས་པ་མ་ཟད། རྨས་མ་རྣམས་མྱུར་དུ་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།