ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་རྒྱལ་ཁབ་དུ་ཉིན་གཅིག་རིང་པྲོག་གསར་གློ་ཚད་ཀྱི་ནད་པ་ཆེས་ཐོག་མར་ཁྲི18ལས་བརྒལ་པས་ཨའོ་མི་ཁུ་རོང་དེ་དབྱིན་ཀུ་ལན་དུ་ཁྱབ་སྤེལ་ཆེས་ཆེ་བའི་དུག་རྐང་དུ་གྱུར་འདུག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས29ཉིན། དབྱིན་ཇི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། དབྱིན་ཇི་རུ་པྲོག་གསར་གློ་ཚད་ཀྱི་ནད་པ་ཁྲི18ལས་བརྒལ་བ་ཇེ་མང་དུ་སོང་སྟེ། ཆེས་མཐོ་བའི་ཟིན་ཐོ་སྐྲུན། དབྱིན་ཇིའི་འཕྲོད་བསྟེན་བདེ་འཇགས་ཅུའུ་ཡིས། དབྱིན་གུ་ལན90%ཡན་གྱི་སྡོད་ཁུལ་གྱི་རིམས་ནད་འགོ་ཁུངས་ནི་ཨའོ་མི་ཁུ་རོང་རེད་ཅེས་བསྟན་པ་རེད། 

གཞི་གྲངས་ལས་མངོན་པ་ལྟར་ན། དབྱིན་ཇི་རུ་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ183037ཇེ་མང་དུ་སོང་ཞིང་། ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་བསྡོམས་པས་མི12559926ཡོད་པ་དང་། ཚེ་འདས་ནད་པ57ཇེ་མང་དུ་སོང་ཞིང་། བསྡོམས་པས་མི148089ཡོད་པ་རེད། གཞན་ལོ12ཡན་གྱི་འབངས་མི་ལས82%བརྒལ་བ་འགོག་སྨན་ཐེངས་གཉིས་ལ་བརྒྱབས་ཡོད་པ་དང57%ལས་བརྒལ་བའི་འབངས་མིས་སྣོན་ཁབ་བརྒྱབས་ཡོད་པ་རེད།

དབྱིན་ཇིའི་འཕྲོད་བསྟེན་དང་བདེ་འཇགས་ཅུའུ་ཡིས་ཉིན་དེར་བསྟན་དོན། མིག་སྔར་དབྱིན་གུ་ལན་ས་ཁུལ90%ཡན་གྱི་སྡོད་ཁུལ་གྱི་རིམས་ནད་འགོ་ཁུངས་ནི་ཨའོ་མི་ཁུ་རོང་དུག་རྐང་ཡིན་སྟབས་ཟླ་འདིའི་ཚེས31ཉིན་ནས་ཆེད་དུ་ཨའོ་མི་ཁུ་རོང་ནད་དུག་འགོས་ཡོད་པའི་ནད་པའི་གཞི་གྲངས་ཁྱབ་བསྒྲགས་བྱ་རྒྱུ་མིན་པ་རེད།

དབྱིན་ཇིའི་རྒྱལ་དམངས་བདེ་སྲུང་ལམ་ལུགས་རྒྱལ་ཁབ་སྨན་བཅོས་ལས་དོན་གྱི་ཀྲུའུ་རེན་ཧྲི་ཏིས་ཝུན·པའོ་དབྱི་སི་ཡིས། ཨའོ་མི་ཁུ་རོང་དུག་རྐང་གིས་དབྱིན་ཅི་རྒྱལ་ཁབ་ཡོངས་ལ་ཁྱབ་ཡོད་སྟབས་འཕྲོད་བསྟེན་ཞབས་ཞུ་དེ“དམག་འཁྲུགས་ཀྱི་རྣམ་པར”གྱུར་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།