ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་འཕེལ་ཕྱོགས་བཟང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བའི་སྐོར་ཐེངས་གསར་བའི་གྲོས་མོལ་གྱི་འཕེལ་ཕྱོགས་བཟང་བོ་རེད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སྐོར་ཐེངས་བརྒྱད་པའི་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གྲོས་མོལ་ཁྲོད། དབྱི་ལིང་གི་གྲོས་མོལ་ཚན་ཆུང་གིས་གཙོ་གནད་གཅིག་གྱུར་གྱི་ཐུན་མོང་ཇུས་གཞིའི་སྟེང་བཞག་ཡོད་པ་དང་། གྲོས་མོལ་ལ་ཞུགས་པའི་ཕྱོགས་ཁག་གཞན་པས་ཀྱང་དབྱི་ལིང་གིས་ཇུས་གཞིའི་ནང་བཏོན་པའི་གནད་དོན་ལ་དོ་སྣང་བྱེད་བཞིན་ཡོད། གཙོ་བོ་ཕྱོགས་སོ་སོའི་བར་འགལ་བ་ཡོད་པའི་གནད་དོན་ལ་གྲོས་བསྡུར་བྱས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་མའོ་ལཱ་ཡིས་མཐུན་སྦྱོར་གྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། གལ་ཏེ་འབྲེལ་ཡོད་ཕྱོགས་སོ་སོས་ཆོད་སེམས་དང་དགེ་སེམས་བསྟན་ན། ཅང་མ་འགོར་བར་གྲོས་མཐུན་འགོད་ཐུབ་ངེས་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།