ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གིས་དབྱི་ལིང་གི་ཉིང་རྡུལ་གནད་དོན་སྐོར་གྱི་གྲོས་མོལ་དེ་བཟང་ཕྱོགས་སུ་བསྐྱོད་བཞིན་ཡོད་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས28ཉིན། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཨ་ཕུའུ་ཏུའུ་ལ་ཞི་དབྱང་གིས། དབྱི་ལིང་གི་ཉིང་རྡུལ་གནད་དོན་ཁྱོན་ཡོངས་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་བསྡུས་པའི་གྲོས་མོལ་གསར་བའི་ཁ་ཕྱོགས་དེ་བཟང་ཕྱོགས་སུ་བསྐྱོད་བཞིན་འདུག་ཅེས་བསྟན། 

ཨ་ཕུའུ་ཏུའུ་ལ་ཞི་དབྱང་གིས་ཉིན་དེར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་གསར་འགྱུར་སྨྱན་བྱད་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་ཁ་ཆད་བཞག་པའི་རེས་སྐོར་ཐེངས་བརྒྱད་པའི་གྲོས་མོལ་ཁྲོད། དབྱི་ལིང་གི་གྲོས་མོལ་ཚོགས་པས་གཙོ་གནད་དེ“ཐུན་མོང་གི་གྱོད་དཔེ”སྟེང་བཞག་ཡོད་པ་རེད། ཐེངས་འདིའི་གྲོས་མོལ་ཁྲོད་ཞུགས་པའི་ཕྱོགས་སོ་སོའི་དོ་སྣང་བྱེད་ས་ནི“དབྱི་ལང་གིས་གྱོད་དཔེ་ནང་བཏོན་པའི་གནད་དོན”དེ་ཡིན་ལ། གཙོ་བོར་མི་མཐུན་པའི་ལྟ་ཚུལ་རིགས་ལ་གྲོས་བསྡུར་བྱས་པ་རེད།

ཨ་ཕུའུ་ཏུའུ་ལ་ཞི་དབྱང་གིས། གལ་ཏེ་འབྲེལ་ཡོད་ཕྱོགས་ཁག་གིས་ཆོད་སེམས་བརྟན་པོ་དང་ལེགས་བསྒྱུར་གྱི་ཀུན་སློང་བཅངས་ཡོད་ཚེ། མི་འགྱང་བར་གྲོས་གཞི་གཅིག་མཐུན་ཡོང་བའི་རེ་བ་ཡོད་ཅེས་བསྟན།

 2015ལོའི་ཟླ7པར། དབྱི་ལང་དང་ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ། འཇར་མན་བཅས་ཀྱིས་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་ཀྱི་གྲོས་མཐུན་བཞག་མོད། 2018ལོའི་ཟླ5པར་ཨ་མེ་རི་ས་སྲིད་གཞུང་གིས་ཕྱོགས་རྐྱང་པས་དབྱི་ལིང་གི་ཉིང་རྡུལ་གྲོས་མཐུན་ནས་ཕྱིར་འཐེན་བྱས། དེ་ནས་ཅང་མ་འགོར་བར་གསར་དུ་དབྱི་ལང་ལ་བཀག་སྡོམ་རབ་དང་རིམ་པ་བྱེད་མགོ་ཚུགས། 2019ལོའི་ཟླ5བའི་ཚུན་དུ། དབྱི་ལང་གིས་རིམ་བཞིན་ཉིང་རྡུལ་གནད་དོན་སྐོར་གྱི་གྲོས་མཐུན་ཡི་གེ་ནང་གི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་པ་མ་ཟད། བཀག་སྡོམ་བྱེད་པར་རྒོལ་ལན་སྤྲོད་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་རེད། 

དབྱི་ལིང་གི་ཉིང་རྡུལ་གནད་དོན་སྐོར་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ད་ལོའི་ཟླ4པ་ནས་བཟུང་ཝེ་ཨེན་ན་རུ་གྲོས་ཚོགས་བསྡུས་ཏེ་དེ་སྔོན་ཨ་མེ་རི་ཁ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱིས་ཁ་ཆད་བཞག་པའི་ནང་དོན་སླར་གསོ་བྱེད་པར་བགྲོ་གླེང་བྱས་ཀྱང་། ཨ་མེ་རི་ཁ་དང་དབྱི་ལིང་གཉིས་ཀྱི་ལྟ་ཚུལ་གཅིག་མཐུན་མ་ཡོང་བ་དང་དབྱི་ལང་སྲིད་གཞུང་གི་མགོ་ཁྲིད་བརྗེ་སོར་བྱས་པ་སོགས་ཀྱི་དབང་གིས། གྲོས་མོལ་ཐེངས6ལ་བྱས་རྗེས་གནས་སྐབས་སུ་མཚམས་འཇོག་དགོས་པ་བྱུང་། གྲོས་མོལ་ཐེངས་བདུན་པ་དེ་ཟླ11པའི་ཚེས29ཉིན་ནས་ཟླ12པའི་ཚེས17ཉིན་བར་ཝི་ཨེན་ན་རུ་བསྡུས་ཤིང་། གྲོས་མོལ་ཐེངས་བརྒྱད་པ་དེ་ཟླ12པའི་ཚེས27ཉིན་ནས་མགོ་ཚུགས་རྒྱུ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།