ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་ཁྲུང་ཧྲིན་རྫོང་ཀུང་ཀུའུ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་གི་ས་ཡོམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པ་ལྟར་ན། ཏུང་ཅིན་གྱི་དུས་ཚོད་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཉེར་དྲུག་སྟེང་། འཇར་པན་གྱི་ཁྲུང་ཧྲིན་རྫོང་ཀུང་ཀུའུ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་གི་ས་ཡོམ་བྱུང་། 

འཇར་པན་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་བྱུང་ས་གཙོ་བོ་ནི་འཕྲེད་ཐིག་བྱང་མ་ཉེར་ལྔ་དང་གྲངས་ཆུང་གསུམ་དང་གཞུང་ཐིག་ཤར་མ་བརྒྱ་དང་ཉེར་ལྔ་དང་གྲངས་ཆུང་བདུན་གྱི་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བཞི་བཅུ་ཡོད། ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་སྣང་ཚུལ་འབྱུང་མི་སྲིད་ཟེར། 

ཀུང་ཀུའུ་གླིང་ཕྲན་ནི་ཁྲུང་ཧྲིན་རྫོང་གི་གླིང་ཕྲན་ཡུལ་སྐོར་བྱེད་སའི་གནས་མཆོག་ཅིག་ཡིན་པ་རེད། ཐེངས་འདིའི་ས་ཡོམ་ཁྲོད། ཀུང་ཀུའུ་གླིང་ཕྲན་དུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་། ཁྲུང་ཧྲིན་རྫོང་གི་ནཱ་པཱ་གྲོང་ཁྱེར་དང་ཧྲི་ཐན་གླིང་ཕྲན། ཅིག་མུས་གླིང་ཕྲན་སོགས་སུའང་ས་ཡོམ་གྱི་ཚོར་སྣང་ཡོད་པ་རེད། 

གཞན་ཡང་འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཀུང་ཀུའུ་གླིང་ཕྲན་དུ་ཚད་རིམ་དྲུག་ཡན་གྱི་ས་ཡོམ་ཐེངས་སྔོན་མ་དེ་ད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་བྱུང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།