ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཡུལ་གྱར་ལས་དོན་པུའུ་ཡིས་ཀྲུང་གོའི་རོགས་སྐྱོབ་དངོས་རྫས་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཡུལ་གྱར་ལས་དོན་པུའུ་ཡིས་ཚེས་ཉེར་བཞི་ཉིན་རྒྱལ་ས་ཁ་པོར་ནས་མཛད་སྒོ་བསྡུས་ཏེ། ཀྲུང་གོས་ཞལ་འདེབས་སུ་ཕུལ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་ཞིག་ཨ་ཧྥུའུ་ཧན་གྱི་ཞིང་ཆེན་སོ་བཞི་ལ་བྱིན།

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཡུལ་གྱར་ལས་དོན་པུའུ་ཡི་པུའུ་ཀྲང་ཚབ་མ་ཧ་ཁ་ཉི་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོས་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་ཐེངས་མང་བྱིན་པ་དང་། ཡུལ་གྱུར་ལས་དོན་པུའུ་ཡིས་རོགས་སྐྱོབ་དངོས་རྫས་དེ་དག་ཨ་ཧྥུའུ་ཧན་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་བཞིའི་དཀའ་ཁག་ཅན་གྱི་མང་ཚོགས་ལ་བྱིན་ཡོད་ཟེར།

ཧ་ཁ་ཉི་ཡིས་མཛད་སྒོ་མཇུག་རྫོགས་རྗེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཀྲུང་གོ་ནི་ཨ་ཧྥུའུ་ཧན་གྱི་ཁྱིམ་མཚེས་བཟང་པོ་ཡིན་པ་དང་། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་ཀྲུང་གོས་ཨ་ཧྥུའུ་ཧན་ལ་རོགས་སྐྱོབ་དངོས་རྫས་བྱིན་པར་བཀའ་དྲིན་ཞུས་པ་ཡིན་ལ། རོགས་སྐྱོབ་དེ་དག་ནི་ཨ་ཧྥུའུ་ཧན་ལ་མཚོན་ན་ཧ་ཅང་གལ་ཆེ་ཟེར།

ཀྲུང་གོས་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པར་མ་ཟད། ཨ་ཧྥུའུ་ཧན་མི་དམངས་ལ་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་ཞལ་འདེབས་སུ་འབུལ་རྒྱུའི་ཐག་བཅད་ཡོད། མིག་སྔར་ཀྲུང་གོའི་རོགས་སྐྱོབ་དངོས་རྫས་ཁག་མང་པོ་ཁ་པོར་ལ་བསྐྱལ་ཡོད་པ་དང་། དངོས་རྫས་གཞན་དག་བསྟུད་མར་སྐྱེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།