ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་མཐའ་སྲུང་དམག་དཔུང་གིས་མཐའ་མཚམས་ས་ཁུལ་ནས་དུག་རྫས་ཏུན་དགུ་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། མཐའ་སྲུང་དམག་དཔུང་གིས་ཉེ་སྔོན་མཐའ་མཚམས་ས་ཁུལ་དུ་དུག་རྫས་ཏུན་དགུ་ལྷག་རྩད་ཆོད་ཡོད། 

ཨེ་ཅིབ་དཔོན་ཕྱོགས་དྲ་ཚིགས་ཀྱིས་དམག་ཕྱོགས་ཀྱི་གསལ་སྒྲོག་དྲངས་ནས་བཤད་རྒྱུར། ཨེ་ཅིབ་མཐའ་སྲུང་དམག་དཔུང་གིས་ཞི་ནེ་ལྷོ་མ་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་ཏེ། གཞི་རྒྱ་ཆེ་བའི་སྒོ་ནས་དུག་རྫས་འདེབས་འཛུགས་ར་བ་གཙང་སེལ་བྱས་པ་དང་། དུག་རྫས་བཟོ་གྲྭ་གཉིས་ལ་བཀག་སྡོམ་བྱས་པར་མ་ཟད། དུག་རྫས་རིགས་སྣ་ཚོགས་ཏུན་དགུ་ལྷག་རྩད་ཆོད་ཡོད། མཐའ་སྲུང་དམག་དཔུང་གིས་ད་རུང་དུག་རྫས་ལྐོག་འཚོང་ཐད་བཀོལ་བའི་རླངས་འཁོར་ཉིས་བརྒྱ་དང་སུམ་ཅུ་དང་དྲག་ཆས་མཚོན་ཆ་སྐོར་ཞིག་ཀྱང་རྩད་ཆོད་ཡོད་ཟེར། 

དེ་ལས་གཞན་ཨེ་ཅིབ་མཐའ་སྲུང་དམག་དཔུང་གིས་འདས་པའི་ལོ་གཅིག་གི་ནང་མཐའ་མཚམས་ས་ཁུལ་དུ་རྒྱལ་ཁབ་མི་འདྲ་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་གཉིས་དང་ཉིས་བརྒྱ་འཛིན་བཟུང་བྱས་ཡོད། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་མཐའ་སྲུང་དམག་དཔུང་གིས་མཐའ་མཚམས་ས་ཁུལ་དུ་བསྟུད་མར་འགུལ་སྐྱོད་སྤེལ་བ་དང་། མ་འོངས་པར་མུ་མཐུད་དུ་རྒྱལ་མཚམས་བརྒལ་བའི་མཐའ་སྲུང་གྲུ་ཁའི་ཞིབ་བཤེར་ཤུགས་ཚད་ལ་ཤུགས་སྣོན་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།