ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ཁྲོད་ངེས་པ་དོན་གྱི་གྲོས་གཞི་བཏོན་མེད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉི་ཤུ་ཉིན་ཏི་ཧེ་ལན་ནས་སྤེལ་བའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ཁྲོད་ངེས་པ་དོན་གྱི་གྲོས་གཞི་བཏོན་མེད་པ་དང་། དེ་ལས་ཨ་མེ་རི་ཁའི་དོན་དངོས་འདོད་བློ་ཅི་ཡིན་ཐད་འདྲི་རྟགས་ཆེན་པོ་ཞིག་བྲིས་ཡོད་ཟེར། 

ཁོས་བཤད་རྒྱུར། ཉེ་སྔོན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བའི་ཛ་དྲག་གི་གྲོས་མོལ་བརྒྱུད་དེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་ཇུས་གཞི་གསར་བ་གྲུབ་ཡོད། དེའི་ནང་དབྱི་ལིང་གིས་བཏོན་པའི་ལྟ་ཚུལ་བསྡུས་ཡོད་པ་དང་། མ་འོངས་པར་མུ་མཐུད་དུ་གྲོས་མོལ་བྱེད་པའི་རྨང་གཞིར་བྱས་ཆོག དབྱི་ལིང་གིས་རང་ནུས་ཅི་ཡོད་ཀྱིས་གྲོས་མོལ་ཁྲོད་གྲོས་མཐུན་འགོད་པར་བརྩོན་བཞིན་ཡོད། གལ་ཏེ་ཕ་རོལ་བས་ངེས་པ་དོན་གྱི་གྲོས་གཞི་བཏོན་ན། དུས་ཡུན་ཐུང་ངུའི་ནང་གྲོས་མཐུན་འགོད་ཐུབ་ངེས་ཡིན་ཟེར། 

ཧཱ་ཐིས་པུའུ་ཀྲང་ཏི་ཡིས་ད་རུང་ཨ་མེ་རི་ཁ་དང་དབྱི་ལིང་གིས་གྲོས་མོལ་འཕེལ་རིམ་ཁྲོད་ཐད་ཀར་འབྲེལ་འདྲིས་བྱས་པའི་བརྗོད་ཚུལ་དེ་ཁས་ལེན་མ་བྱས་ལ། དབྱི་ལིང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་བརྒྱུད་དེ་ཨ་མེ་རི་ཁར་བརྡ་འཕྲིན་བརྒྱུད་སྒྲོག་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།