ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ནང་སྲིད་བློན་ཆེན་གྱི་འགྲོ་རོགས་ལ་པྲོག་གསར་གློ་ཚད་ཀྱི་བརྟག་བཤེར་མཇུག་འབྲས་གདགས་གཤིས་མངོན་སྟབས་ཨེ་ཤེ་ཡ་ཤར་ལྷོའི་འཚམས་འདྲི་སྔོན་ལ་མཇུག་སྒྲིལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས15ཉིན། ཐའེ་གོ་རུ་སྡོད་པའི་གཞུང་ཚབ་ཁང་གིས་སྤྱི་འབྲེལ་སྨྱན་བྱད་སྟེང་ཁྱབ་བསྒྲགས་བྱས་དོན། ཨ་རིའི་ནང་སྲིད་བློན་ཆེན་པུའུ་ལིན་ཁུན་གྱི་འགྲོ་རོགས་ཞིག་ལ་པྲོག་གསར་གློ་ཚད་ཀྱི་བརྟག་བཤེར་གདགས་གཤིས་མངོན་སྟབས། ཨེ་ཤེ་ཡ་ཤར་ལྷོའི་འཚམས་འདྲི་སྔོན་ལ་མཇུག་སྒྲིལ་ཏེ། ཐའེ་གོ་རྒྱལ་ཁབ་ལ་འཚམས་འདྲི་མ་བྱས་པར་ཕྱིར་རྒྱལ་ནང་དུ་ལོག་པ་རེད། 

ཚེས15ཉིན། པུའུ་ལིན་ཁུན་གྱིས་ཅི་ལུང་པའོ་ནས་མ་ལེ་ཞི་ཡའི་ཙུང་ལི་དབྱི་སི་མའེ་ཨར་དང་ཕྱི་འབྲེལ་པུའུ་ཀྲང་སའེ་ཧྥུ་ཏིན་རྣམ་གཉིས་ལ་ཐུགས་འཕྲད་གནང་རྗེས། ཉིན་དེར་མ་ལེ་ཞི་ཡ་ནས་ཐའེ་གོ་རྒྱལ་ཁབ་ལ་འགྲོ་འཆར་བྱས་པ་རེད། 

གཞན་མ་ལེ་ཞི་ཡ་རུ་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་། ཨ་རིའི་ནང་སྲིད་བློན་ཆེན་པུའུ་ལིན་ཁུན་གྱི་འགྲོ་རོགས་ཞིག་ལ་པྲོག་གསར་གློ་ཚད་ཀྱི་བརྟག་བཤེར་གདགས་གཤིས་མངོན་ལ། མི་སྣ་དེ་མ་ལེ་ཞི་ཡའི་འཕྲོད་བསྟེན་སྡེ་ཁག་གི་འབྲེལ་ཡོད་གཏན་འབེབ་ལ་བརྩི་སྲུང་བྱེད་བཞིན་ཡོད་པ་མ་ཟད། ནང་སྲིད་བློན་ཆེན་པུའུ་ལིན་ཁུན་དང་མཉམ་དུ་མ་ལེ་ཞི་ཡའི་བྱ་འགུལ་ནང་ཞུགས་མེད་པ་རེད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། པུའུ་ལིན་ཁུན་དང་ཁོང་གི་འགྲོ་རོགས་གཞན་པ་ཚང་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་བརྟག་བཤེར་མཇུག་འབྲས་སྲིབ་གཤིས་མངོན་པ་རེད།

པུའུ་ལིན་ཁུན་གྱིས་ཚེས13ཉིན་ནས་བཟུང་ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡ། ཐའེ་གོ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཁོང་གིས་རྒྱལ་སྲིད་བློན་ཆེན་གྱི་ལས་འགན་འཁུར་བའི་ཚུན་དུ་ཨེ་ཤེ་ཡ་ཤར་ལྷོ་ལ་འཚམས་འདྲི་གནང་ཐེངས་དང་པོ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།