ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཁ་ར་ཀྭས་ཐའེ་ཝན་དང་འབྲེལ་འདྲིས་བྱ་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས9ཉིན་གྱི་ཕྱི་དྲོར། མཱ་ན་ཀྭ་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ནི་ཁ་ར་ཀྭའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་བའི་ནང་ཐའེ་ཝན་དང“ཕྱི་ཕྱོགས་འབྲེལ་བ”འཛུགས་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས། 

གསལ་བསྒྲགས་ནང་། འཛམ་གླིང་སྟེང་ཀྲུང་གོ་གཅིག་ལས་མེད་ཅིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་གོའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་ཡིན་ལ། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ལས་ཁ་བྲལ་ཐབས་མེད་པ་ཡིན། ནི་ཁ་ར་ཀྭས་དེ་རིང་ནས་བཟུང་ཐའེ་ཝན་དང“ཕྱི་ཕྱོགས་འབྲེལ་བ”འཛུགས་རྒྱུ་མིན་པ་མ་ཟད། ཐའེ་ཝན་གྱི་དཔོན་ཕྱོགས་དང་ཐའེ་ཝན་དང་འབྲེལ་བའི་འབྲེལ་འདྲིས་ཡོད་ཚད་མཚམས་འཇོག་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།