ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་བདུན་མཱ་ལིའི་དབུས་ཕྱོགས་ས་ཁུལ་ནས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་ཆེད་མངག་ཚོགས་པས་ཚེས་བརྒྱད་ཉིན་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་མི་སྣ་བདུན་ལ་ཉིན་དེར་མཱ་ལིའི་དབུས་ཕྱོགས་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་ཆེད་མངག་ཚོགས་པས་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ཚེས་བརྒྱད་ཉིན་གྱི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་ཆེད་མངག་ཚོགས་པའི་མཁོ་སྒྲུབ་རླངས་འཁོར་རུ་ཁག་ཅིག་གིས་པང་ཅཱ་ཅཱ་ལཱ་ས་ཁུལ་དུ་ལས་འགན་ལག་བསྟར་བྱེད་སྐབས་འགད་རྫས་སྒྲིག་ཆས་ཀྱི་འཇབ་རྒོལ་ཐེབས་ཏེ། ཞི་བདེ་སྲུང་སྐྱོབ་མི་སྣ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་གསུམ་ལ་རྨས་ལྗིད་མོ་ཕོག་ཡོད་ཟེར། སྤྱི་སྒྲོག་ལས་འཇབ་རྒོལ་ཐེབས་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་དེ་དག་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་བསྒྲགས་མེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་ཆེད་མངག་ཚོགས་པའི་ཚོགས་གཙོ་ཝེ་ཨིན་གྱིས་བསྟན་དོན། ཉེ་སྔོན་མཱ་ལིའི་བྱང་ཕྱོགས་སུ་ཡོད་པའི་མཱ་ལིའི་གཏན་འཇགས་ཚོགས་པའི་སྒར་ས་བཞི་འཇབ་རྒོལ་གྱི་དམིགས་འབེན་དུ་གྱུར་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།