ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མཇུག་སྒྲིལ་ནས་སྲིད་ཏང་དྲུག་གྲོས་ཁང་དུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་མཇུག་སྒྲིལ། བསྡོམས་རྩིས་རགས་ཙམ་བྱས་པའི་མཇུག་འབྲས་ལྟར་ན། ཕ་ཡུལ་ཏང་དང་གཅིག་གྱུར་ཅིར་ཅི་སི་སི་ཐན་ཏང་སོགས་སྲིད་ཏང་དྲུག་གི་འདེམ་ཤོག་ཐོབ་པའི་ཚད་གྲོས་ཁང་གི་བརྒྱ་ཆའི་ལྔའི་ཚད་ལས་བརྒལ་ཡོད་པ་རེད། 

ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར་སྤེལ་བ་དང་། ཅིར་ཅི་སི་སི་ཐན་རྒྱལ་ནང་དུ་འདེམ་ཤོག་འཕེན་ས་སྟོང་གཉིས་དང་བཞི་བརྒྱ་སོ་ལྔ་བཀོད་སྒྲིག་བྱས་ཡོད་ལ། ཕྱི་རྒྱལ་དུ་འདེམ་ཤོག་འཕེན་ས་ང་དགུ་བཀོད་སྒྲིག་བྱས་ཡོད། 

ཅིར་ཅི་སི་སི་ཐན་གྱི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲ་དབྱེ་ཨར་ཏཱ་པེ་ཁི་ཝ་ཡིས་ཉིན་དེའི་འདེམ་བསྐོའི་མཇུག་སྒྲིལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྲིད་ཏང་གི་བསྡུར་ཚད་ཀྱི་འཐུས་མིའི་ལམ་ལུགས་ལྟར་འདེམ་ཤོག་འཕངས་པའི་རང་འགུལ་གྱི་འདེམ་ཤོག་རྩིས་ལེན་སྒམ་སྟོང་གཉིས་དང་བཞི་བརྒྱ་གོ་བཞིའི་ནང་གི་སྟོང་གཉིས་དང་ཉིས་བརྒྱ་རེ་དྲུག་གི་རྩིས་ལེན་བྱ་བ་ཡོངས་འགྲུབ་བྱས་ཡོད་ལ། འདེམ་ཤོག་འཕངས་པའི་ཚད་བརྒྱ་ཆའི་སོ་གཉིས་དང་གྲངས་ཆུང་གཅིག་གཉིས་ཡིན་པ་རེད། སྣ་གཅིག་གི་དབང་བསྩལ་འདེམ་ཁུལ་དུ་རང་འགུལ་གྱི་འདེམ་ཤོག་རྩིས་ལེན་སྒམ་སྟོང་གཉིས་དང་བཞི་བརྒྱ་སོ་ལྔའི་ནང་གི་སྟོང་གཉིས་དང་སུམ་བརྒྱ་གོ་གཉིས་ཀྱི་རྩིས་ལེན་བྱ་བ་ཡོངས་འགྲུབ་བྱས་ཡོད་ལ། འདེམ་ཤོག་འཕངས་པའི་ཚད་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་ལྔ་བརྒྱད་ཡིན་པ་རེད། 

ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཕ་ཡུལ་ཏང་དང་གཅིག་གྱུར་གྱི་ཅིར་ཅི་སི་སི་ཐན་ཏང་སོགས་སྲིད་ཏང་དྲུག་གི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ལྔ་ལས་བརྒལ་ཡོད། དེའི་ནང་འདེམ་ཤོག་ཆེས་མང་བོ་ཐོབ་པའི་ཕ་ཡུལ་ཏང་ལ་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བརྒྱད་གསུམ་གྱི་འདེམ་ཤོག་ཐོབ་ཡོད། 

ཐེངས་འདིའི་འདེམ་བསྐོའི་ཆེས་མཇུག་མཐའི་མཇུག་འབྲས་དེ་མིའི་ཐབས་ཀྱི་རྩིས་ལེན་བྱ་བ་མཇུག་སྒྲིལ་རྗེས་ཁྱབ་སྒྲོག་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།