ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཏུ་ར་སི་ཡིས་ཙུང་ཐུང་དང་གྲོས་ཁང་། ས་གནས་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧོང་ཏུ་ར་སི་ཡིས་ཚེས་ཉེར་བརྒྱད་ཉིན་ཙུང་ཐུང་དང་གྲོས་ཁང་། ས་གནས་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཐོག་མའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ཉིན་དེའི་དགོང་མོར་ཁྱབ་སྒྲོག་བྱེད་རྒྱུ་རེད། 

ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ནི་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་སུམ་ཅུའི་སྟེང་དངོས་སུ་སྤེལ་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ། འདེམ་ཤོག་ཕངས་ཏེ་ཧོང་ཏུ་ར་སིའི་སྐབས་གསར་བའི་ཙུང་ཐུང་དང་། རྒྱལ་ཚོགས་ཀྱི་གྲོས་མི་བརྒྱ་དང་ཉེར་བརྒྱད། མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་མི་ཉི་ཤུ། དེ་མིན་ཧྲི་ཀྲང་ཉིས་བརྒྱ་དང་གོ་བརྒྱད་བཅས་གདམ་རྒྱུ་རེད། 

ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་བསྡོམས་པས་འདེམ་དམངས་ས་ཡ་ལྔ་ལྷག་གིས་ཐོ་འགོད་བྱས་ཡོད་ཅིང་། འདེམ་ཤོག་འཕེན་ས་སྟོང་ལྔ་དང་བདུན་བརྒྱ་ཙམ་བཀོད་སྒྲིག་བྱས་ཡོད། ཙུང་ཐུང་གི་འདེམ་སྒུག་མི་སྣ་བཅུ་བཞིའི་ནང་ཧོང་ཏུ་ར་སིའི་སྲིད་འཛིན་ཏང་རྒྱལ་དམངས་ཏང་གི་འདེམ་སྒུག་པ། རྒྱལ་སའི་ཧྲི་ཀྲང་ནཱ་སི་ལི་ཨ་སི་ཧྥུའུ་ལཱ་དང་། རང་དབང་དང་བསྐྱར་འཛུགས་ཏང་གི་འདེམ་སྒུག་མི་སྣ་ཞེ་ཨོ་མཱ་ལཱ་ཁཱ་སི་ཐི་ལོ། རང་དབང་ཏང་གི་འདེམ་སྒུག་མི་སྣ་ཡཱ་ནེ་ལོ་སུན་ཐཱ་ཨར་སོགས་འདུས། 

ཧོང་ཏུ་ར་སིའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ཅི་ལོས་ཀྱིས་ཉིན་དེར་བསྟན་དོན། འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞི་བདེ་དང་གཏན་འཇགས་ཡིན་ལ། འཇིགས་སྣང་དང་དྲག་ཤུགས་མེད་པའི་གནས་ཚུལ་འོག་སྤེལ་དགོས་ཟེར། 

ཧོང་ཏུ་ར་སིའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། སྲིད་གཞུང་གི་མགོ་གཙོ། དྲག་ཆས་དམག་དཔུང་གི་ཆེས་མཐོའི་དཔོན་པོ་བཅས་ཡིན་ལ། ཐད་ཀར་འདེམ་བསྐོ་ལས་བདམས་ཐོན་འབྱུང་བ་ཡིན། དེའི་འགན་ཡུན་ལོ་བཞི་ཡིན་པ་དང་བསྟུད་འགན་ཐེངས་གཅིག་ཁུར་ཆོག་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།