ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐའ་འཚམས་ཀྱི་ཡུལ་གྱུར་བའི་ཉམས་ཉེན་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁུ་ཡིས་ཚེས་ཉེར་དྲུག་ཉིན་ཨུ་རུ་སི་དཀར་པོ་དང་ཕོ་ལན་མཐའ་འཚམས་སུ་གནས་པའི་ཡུལ་གྱར་བ་དང་ངོ་འཕྲད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་གང་མྱུར་སྒོས་མཐའ་འཚམས་ཀྱི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སི་དཀར་པོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལུའུ་ཁཱ་ཧྲིན་ཁུ་ཉིན་དེར་པུའུ་ལུའུ་ཙི་ཅི་མཐའ་འཚམས་ཀྱི་ཞིབ་བཤེར་ས་ཚིགས་ཉེ་འདབས་ཀྱི་ཡུལ་གྱར་བ་འདུས་སྡོད་ཁུལ་ནས་ཡུལ་གྱུར་བ་རྣམས་དང་ངོ་འཕྲད། ཁོས་ཡུལ་གྱར་བ་རྣམས་ལ་གཏམ་བཤད་སྐབས་བསྟན་དོན། འཇར་མན་གྱིས་གང་འགྱོགས་སྒོས་ཡུལ་གྱར་བ་འདི་དག་དང་ལེན་བྱ་དགོས་ལ། འཇར་མན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མོ་ཁུ་ཨར་གྱིས་ཡུལ་གྱར་བ་དང་ལེན་བྱེད་པའི་འབྲེལ་ཡོད་འཆར་གཞིར་ཁས་བླངས་ཟིན་ཟེར། ལུའུ་ཁཱ་ཧྲིན་ཁུ་ཡིས་ད་དུང་ཡུལ་གྱར་བའི་དམིགས་ས་འཇར་མན་ཡིན་པས་ཕོ་ལན་ཕྱོགས་ཀྱིས་གང་མགྱོགས་སྒོས་ཡུལ་གྱར་བ་བགྲོད་དུ་འཇུག་རྒྱུའི་རེ་བ་ཡིན་ཟེར།

ལུའུ་ཁཱ་ཧྲིན་ཁུ་ཡིས་ཡུལ་གྱར་བའི་གནས་སྐབས་སྡོད་གནས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ལ་ལྟ་ཞིབ་བྱས་པ་དང་ཡུལ་གྱར་བའི་སྡོད་གནས་ཆ་རྐྱེན་དང་ཟ་མ་བགོ་བཤའ་རྒྱག་པ། སྨན་བཅོས་རོགས་སྐྱོར་བཅས་སོགས་ཀྱི་འགན་སྲུང་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོས་བསྟན་དོན། མིག་སྔར་མི་སྟོང་གཅིག་ལྷག་ཕྱིར་དབྱི་ལཱ་ཁུ་རུ་ལོག ཕྱིར་དབྱི་ལཱ་ཁུ་རུ་ལོག་འདོད་པ་རྣམས་ལ་ཨུ་རུ་སི་དཀར་པོའི་ཕྱོགས་ཀྱིས་ཁོ་ཚོ་གནམ་གྲུ་ཐང་དུ་བསྐྱོད་པར་འགན་སྲུང་འདོན་སྤྲོད་བྱེད་ངེས་ཞེས་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།