ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་གསུམ་བཞི་བརྒྱ་སོ་བརྒྱད་ལ་བསླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སོ་ལྔའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་དང་སྟོང་གཉིས་ཉིས་བརྒྱ་གྱ་བཞི་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་གསུམ་བཞི་བརྒྱ་སོ་བརྒྱད་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བརྒྱད་དང་བརྒྱ་དང་ང་ལྔ་ཇེ་མང་དུ་སོང་སྟེ། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་ལྔ་དང་འབུམ་གཅིག་ཁྲི་བདུན་སྟོང་བཞི་དྲུག་བརྒྱ་ཞེ་དྲུག་ལ་བསླེབས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་གསུམ་བཞི་བརྒྱ་སོ་བརྒྱད་ལ་བསླེབས་ཡོད།