ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ནུབ་མ་མངའ་སྡེ་རུ་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་སུའུ་ཏན་དུ་སྡོད་པའི་དོན་གཅོད་ཁང་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ནུབ་མ་མངའ་སྡེ་རུ་ཉེ་སྔོན་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། སྡེ་བ་ཞེ་དྲུག་ཏུ་འཕྲོག་བཅོམ་དང་མེར་བསྲེག་གི་གནས་ཚུལ་བྱུང་ཡོད་ཟེར། 

དོན་གཅོད་ཁང་དེས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཟླ་འདིའི་ཚེས་བཅུ་བདུན་ཉིན། ཏཱ་ཨར་ཧྥུའུ་ཨར་ནུབ་མ་མངའ་སྡེའི་ཅེ་པེ་ལེ་མུའུ་ཨིན་ས་ཁུལ་གྱི་ཕྱུགས་ལས་པ་དང་ཞིང་བའི་བར་དྲག་ཤུགས་འཁྲུག་རྩོད་བྱུང་། མིག་སྔར་འཁྲུག་རྩོད་དེ་མུ་མཐུད་དུ་སྤེལ་བཞིན་ཡོད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་དང་བཅས་པའི་མི་མང་བོ་གར་སོང་རྙེད་མེད། སྡེ་བ་ཞེ་དྲུག་ཏུ་འཕྲོག་བཅོམ་དང་མེར་བསྲེག་གི་གནས་ཚུལ་བྱུང་ཡོད་ལ། རྨས་ཕོག་པའི་མི་གྲངས་གསལ་བོར་མི་ཤེས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།