ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པས་ཉེ་ལམ་དབྱི་ལིང་དུ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཉེ་ལམ་དབྱི་ལིང་དུ་འཚམས་འདྲི་བྱེད་རྒྱུ་རེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་གིས་ཀི་ལོ་ཞི་ལ་གདན་ཞུ་བྱས་ཤིང་བྱེ་བྲག་གི་འཚམས་འདྲིའི་དུས་ཚོད་གསལ་བོར་བསྟན་ཡོད། ཀི་ལོ་ཞི་ཡིས་ཉེ་ལམ་དབྱི་ལིང་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་སི་ལཱ་མུས་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གཉིས་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། ཀི་ལོ་ཞི་ཡིས་དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་སོགས་ཀྱི་བར་འབྲེལ་བ་ཟབ་མོ་སྲུང་འཛིན་བྱས་ཡོད་པ་དང་། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་ལག་རྩལ་འབྲེལ་བ་དེ་ཁ་ཕྱོགས་བཟང་བོར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།