ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས་དུང་ཕྱུར2.5ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས8ཉིན། ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད8དང་སྐར་མ21(པེ་ཅིང་གི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད21དང་སྐར་མ21) བར།  གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས་དུང་ཕྱུར 2.5ལས་བརྒལ་ཏེ། 250015789ལ་སླེབས་ཡོད་པ་དང་། ཚེ་འདས་ནད་པ་བསྡོམས་པས5052148ཡོད་པ་རེད།

 གཞི་གྲངས་ལྟར་ན། ཨ་རི་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་དང་ཚེ་འདས་ནད་པ་ཆེས་མང་པོའི་རྒྱལ་ཁབ་སྟེ། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ46488417དང་ཚེ་འདས་ནད་པ754431ཡོད་པ་རེད།  དེ་མིན་ནད་རྟགས་ཐག་བཅད་པའི་ནད་པ་ཅུང་མང་བའི་རྒྱལ་ཁབ་ལ་རྒྱ་གར་དང་པ་ཞི། དབྱིན་ཇི། ཨུ་རུ་སུ། ཐུར་ཁེ། ཧྥ་རན་སེ་སོགས་དང་། ཚེ་འདས་ནད་པ་ཅུང་མང་བའི་རྒྱལ་ཁབ་ལ་པ་ཞི་དང་རྒྱ་གར། མའོ་ཞི་ཁོ། ཨུ་རུ་སུ། པེ་རུ་སོགས་ཡོད་པ་རེད།

གཞི་གྲངས་འདི་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་གློ་ཚད་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ཕྱོགས་བསྡུས་བྱས་པ་ལས་ཐོན་པ་རེད།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ1པོའི་ཚེས26ཉིན་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས་དུང་ཕྱུར1ལས་བརྒལ་བ་དང་། ཟླ8པའི་ཚེས4ཉིན་དུང་ཕྱུར2ལས་བརྒལ་བ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།