ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མིའི་རིགས་འགག་སྒོར་གནས་པས་དོན་དངོས་འགུལ་སྐྱོད་སྤེལ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གཅིག་ཉིན་དབྱིན་ཇིའི་ཀི་ལཱ་སི་ཀི་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་སྟེང་བསྟན་དོན། ནམ་ཟླའི་འགྱུར་ལྡོག་གིས་མིའི་རིགས་འཚོ་སྡོད་ཤི་གསོན་གྱི་གནད་འགག་གི་འགག་སྒོར་དེད་ཡོད་པས། མིའི་རིགས་ཀྱིས་ལག་བསྟར་རུང་བའི་འགུལ་སྐྱོད་ཅིག་སྤེལ་ནས། མཉམ་དུ་ཉམས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་བསྟན་དོན། སྐབས་འདིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དེ་ནམ་ཟླའི་འགྱུར་ལྡོག་གནད་དོན་གྱི་མཇུག་མཐའི་གྲོས་ཚོགས་སུ་འགྱུར་མི་སྲིད། ཁོས་ནན་གྱིས་བསྟན་དོན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་སྟེང་ནམ་ཟླའི་འགྱུར་ལྡོག་ལ་ལྟ་སྟངས་ཡང་དག་འཛིན་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་བར་ཀི་ལཱ་སི་ཀི་ནས་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།