ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཕྱོགས་ས་ཁུལ་ནས་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་སྲིད་གཞུང་གི་དཔོན་རིགས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། རྒྱ་གར་བྱང་ཕྱོགས་ཀྱི་ཨ་ཁུན་ཏི་མངའ་སྡེ་ནས་རླངས་འཁོར་ཞིག་ཉིན་དེར་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཡོད་ཟེར། 

མངའ་སྡེ་དེའི་བྲེལ་མྱུར་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཏའེ་ཧི་ལཱ་ཏོན་ཉེ་འདབས་ཀྱི་ཅེ་ཀི་ལཱ་ཏཱ་ས་ཁུལ་ནས་བྱུང་བ་དང་། མི་བཅོ་ལྔ་དྲུད་པའི་རླངས་འཁོར་དེ་རི་ལམ་དུ་བགྲོད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་གྲོག་རོང་དུ་ལྷུང་བ་རེད། རྒུད་སྐྱོབ་མི་སྣ་དང་ཉེན་རྟོག་ཕྱོགས་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱས་པ་དང་། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།