ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་བརྒྱད་ནས་མགོ་བརྩམས་པ་དང་། ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་མཇུག་སྒྲིལ་རྒྱུ་རེད། རང་དབང་དམངས་གཙོ་ཏང་གིས་མིང་བཏོན་པའི་ད་ལྟའི་ཙུང་ཐུང་མུས་ཨར་ཆི་ཡའོ་ཡེ་ཧྥུའུ་འདུས་པའི་འདེམ་སྒུག་མི་སྣ་ལྔ་འགྲན་རྩོད་ལ་ཞུགས་ཡོད། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། མིག་སྔར་ཝུའུ་ཙི་པེ་ཁི་སི་ཐན་གྱི་མངའ་ཁོངས་སུ་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་བདུན་བརྒྱ་དྲུག་ཅུ་བཀོད་སྒྲིག་བྱས་ཡོད་པ་དང་། ཐོ་འགོད་བྱས་པའི་འདེམ་དམངས་བྱེ་བ་གཅིག་དང་ས་ཡ་དགུ་ལྷག་ཉིན་དེའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་ཡོད་ལ། རྒྱལ་སྤྱིའི་ལྟ་ཞིབ་པ་དགུ་བརྒྱ་དང་བདུན་ཅུ་ཙམ་དང་སྨྱན་བྱད་ཀྱི་འཐུས་མི་སྟོང་གཅིག་ལྷག་གིས་ཐེངས་འདིའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ལྟ་རྟོག་བྱེད་བཞིན་ཡོད། འདེམ་ཤོག་འཕེན་ས་སོ་སོར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་རེ་བ་དང་འཚམ་པ་ཡིན་ཟེར། 

ཙུང་ཐུང་གི་འདེམ་སྒུག་པ་ལྔ་བོ་ནི་སོ་སོར་ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་ཏང་ཆེན་མོ་ལྔ་ནས་ཡོང་བ་ཡིན་ལ། རང་དབང་དམངས་གཙོ་ཏང་གིས་མིང་བཏོན་པའི་ད་ལྟའི་ཙུང་ཐུང་མུས་ཨར་ཆི་ཡའོ་ཡེ་ཧྥུའུ་དང་། མི་རིགས་བསྐྱར་དར་དམངས་གཙོ་ཏང་གིས་མིང་བཏོན་པའི་ཁཱ་ཏི་ལོ་ཧྥུའུ། མི་དམངས་དམངས་གཙོ་ཏང་གིས་མིང་བཏོན་པའི་ཝ་ལི་སོ་ཝ། དྲང་བདེན་སྤྱི་ཚོགས་དམངས་གཙོ་ཏང་གིས་མིང་བཏོན་པའི་ཨ་པུའུ་ཏུའུ་ཧཱ་ལི་མའོ་ཧྥུའུ། སྐྱེ་ཁམས་ཏང་གིས་མིང་བཏོན་པའི་ཨོ་པུའུ་ལོ་མུའུ་ལོ་ཏའོ་ཧྥུའུ་བཅས་རེད། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་རྩ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ལོ་ལྔའི་ནང་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ཙུང་ཐུང་གིས་སྐབས་གཅིག་ལས་བསྟུད་འགན་ཁུར་མི་ཆོག་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།