ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་སྲིད་གཞུང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གསར་བ་ཨ་ཁི་ཨར་པེ་ཁི་གཙོ་བྱས་པའི་སྐབས་གསར་བའི་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོ་དེ་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁའེ་ཁིའི་གྲོས་ཁང་གི་ཐོག་ཁང་ཆེན་མོ་ནས་སྤེལ། ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་མཛད་སྒོར་ཞུགས། ཅིར་ཅི་སི་སི་ཐན་གྲོས་ཁང་གིས་ཉིན་དེར་སྲིད་གཞུང་གསར་བའི་རྩ་འཛུགས་ཇུས་གཞིར་ཆོག་མཆན་བཀོད་པ་དང་། ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་ཀྱང་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མི་བསྐོ་འཇོག་བྱེད་པའི་བཀའ་རྒྱའི་སྟེང་མིང་བཀོད། 

སྲིད་གཞུང་གསར་བའི་ཁོངས་མི་ལ་ཙུང་ལི་དང་ཙུང་ལི་གཞོན་པ་བཞི། པུའུ་ཀྲང་བཅོ་ལྔ་བཅས་འདུས། ཙུང་ལི་ཨ་ཁི་ཨར་པེ་ཁི་ད་ལོར་ལོ་ང་བདུན་ཡིན་པ་དང་། དེའི་སྔོན་ཙུང་ལི་གཞོན་པ་དང། དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་སོགས་ཀྱི་ལས་འགན་ཁུར་མྱོང་། 

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་བཀའ་རྒྱ་བཀོད་དེ། སྲིད་གཞུང་གཏོར་རྒྱུ་ཁྱབ་བསྒྲགས་བྱས། བཀའ་རྒྱ་དེ་ལྟར་ན། ཙུང་ཐུང་གིས་ཙུང་ལི་མཱ་ལི་མཱ་ལི་པའོ་ཧྥུའུ་དང་དེའི་སྲིད་གཞུང་གི་ཁོངས་མིའི་ལས་འགན་བླངས་པ་དང་། ཨ་ཁི་ཨར་པེ་ཁི་ཙུང་ལི་ཚབ་མར་བསྐོ་འཇོག་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།