ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གྲོག་རོང་དུ་ལྷུང་ནས་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་པཱ་ལཱའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཚེས་བཅུ་གཉིས་ཉིན་ནུབ་ཕྱོགས་ཀྱི་ཀི་ཨར་ནཱ་ལེ་ཞིང་ཆེན་གྱི་མུའུ་ཀུའུ་རྫོང་ཁོངས་སུ་བགྲོད་སྐབས་གྲོག་རོང་དུ་ལྷུང་ནས། ཉུང་མཐར་ཡང་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག་ཡོད་ཟེར། 

མུའུ་ཀུའུ་རྫོང་གི་རྫོང་དཔོན་མཱ་ཧཱ་ཐི་ཡིས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་ཁ་པར་བརྒྱུད་དེ་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་བྱུང་སའི་གནས་དེའི་ལམ་ཧ་ཅང་ཞན་པ་དང་འགྲུལ་སྐྱེལ་རླངས་འཁོར་གྱི་རྐྱ་བ་གས་ནས་གྲོག་རོང་དུ་ལྷུང་བ་རེད། འགྲུལ་སྐྱེལ་རླངས་འཁོར་དེའི་སྟེང་བསྡོམས་པས་མི་ཞེ་གཉིས་ཡོད་པ་དང་། དེའི་ནང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར། རྨས་མ་བཅོ་བརྒྱད་ཁྲོད་ཀྱི་མི་བཞི་སྨན་ཁང་དུ་བསྐྱལ་བའི་ལམ་བར་ནས་རྨས་སྐྱོན་ཚབས་ཆེ་བའི་དབང་གིས་རྐྱེན་ལམ་དུ་ཤོར། འདས་པོ་མང་ཆེ་བ་སློབ་མ་དང་རྒྱ་གར་ནས་ཕྱིར་ནེ་པཱ་ལཱ་རུ་དུས་ཆེན་རོལ་དུ་ཡོང་བའི་ཞོར་ལས་བ་བཅས་རེད། 

ནེ་པཱ་ལཱ་རུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། རྒྱུ་རྐྱེན་གཙོ་བོ་ནི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་དང་། རླངས་འཁོར་ལ་བདག་སྐྱོང་བྱས་པ་མི་བཟང་བ། ལམ་མི་བདེ་བ་སོགས་ཀྱི་དབང་གིས་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།